རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
རྡོ་མཁར་རྫོང་གནའ་གྲོང་དུ་བརྟག་ཞིབ་བྱེད་སྐབས་ལུའོ་ཁྲའོ་ཧྥེང་གིས་མིག་སྔར་བདེ་ཆེན་ཡུལ་སྐོར་དུས་ཚོད་ཡག་ཤོས་ཡིན་པས་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱེད་དགོས། ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། ཞིམ་ཟས་དུས་ཆེན་དང་འཁྲབ་རྩལ་ངོམ་སྟོན་སོགས་ཁྱད་ལྡན་རྣམ་གྲངས་སྐྱེད་སྲིང་བྱས་ཏེ།མྱོང་རོལ་རྣམ་པ་དང་དབྱིངས་ཞུགས་རྣམ་པ་ཡུལ་སྐོར་ཐོན་རྫས་མཁོ་འདོན་བྱེད་དགོས། ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་ཡུལ་སྐོར་བའི་དགོས་མཁོ་གནད་སྨིན་སྦྲེལ་མཐུད་བྱས་ཏེ་ཡུལ་སྐོར་བའི་མྱོང་ཚོར་ཟབ་ཏུ་གཏོང་དགོས། ཏ་ལི་དང་ས་དམ་སོགས་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་ནས“གསར་གསུམ་ལེགས་གཅིག”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ། ཡུལ་སྐོར་ལས་རིགས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གནའ་གྲོང་གི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་སེམས་ཀྱི་ཉི་ཟླའི་གཟུགས་བརྙན་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་ཡུལ་སྐོར་བའི་བདེ་འཇགས་ཀྱི་གཞི་ཐིག་བརྟན་པོ་འཛུགས་པ་དང་ཡུལ་སྐོར་བ་རྣམས་ཀྱི་བདེ་འཇགས་ལ་སྐྱོན་ཅི་ཡང་མེད་པ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་།
ལི་ཡང་དང་།ཁྲེན་ཆུན།ཧོང་ལུང་ཞིན་བཅས་བརྟག་ཞིབ་ནང་ཞུགས་པ་རེད།