གཟུགས་པོ་བདེ་མ་ཐང་མ་ཞིག་དགོས་ན་གོམས་གཤིས་ངན་པ་འདི་དག་སྤོངས་དང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-12   རྩོམ་ཁུངས།    西藏日报藏文媒体

        གཅིག ཆུ་ཚད་རན་པོ་མི་འཐུང་བ།

        གཟུགས་པོར་ཆུ་མ་འདང་ན་ཁྲག་གར་དུ་འགྲོ་བ་མ་ཟད། དབང་པོར་གསོ་རླུང་དང་འཚོ་བཅུད་འདྲེན་པའི་ནུས་པ་ཆུང་དུ་འགྲོ་གི་ཡོད། 
图片
        གཉིས། གཟུགས་པོར་འཚོ་རྒྱུ་ལྕགས་མི་གསབ་པ།
        གཟུགས་པོར་འཚོ་རྒྱུ་ལྕགས་མ་འདང་ན། གསོ་རླུང་ཤ་གནད་དང་ཕྲ་ཕུང་ཕྱོགས་སུ་རྒྱུགས་ནས། ཁོང་ཁྲོ་ལངས་བདེ་བ་དང་། ལུས་ཟུངས་ཉམས་པ། བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ་སོགས་ཡོང་གི་ཡོད།
图片
        གསུམ། ཁ་ཏོག་རྩག་རྩིག་ཟ་རྒྱུར་དགའ་བ།
        མི་མང་ཆེ་བ་ཁྱིམ་དུ་ལོག་རྗེས། ལྟད་མོ་ལྟ་གིན་ཁ་ཏོག་རྩག་རྩིག་ཟ་རྒྱུར་དགའ་པོ་ཡོད། དེ་འདྲ་བྱས་ནས་ཡུན་རིང་སོང་ན་ཁྲག་རྒྱུན་ནང་གི་མངར་ཆ་འཕར་ཆག་མགྱོགས་སུ་ཕྱིན་ནས། དཀའ་ལས་ཁ་སླ་པོ་ཡོང་སྲིད།
图片
        བཞི། ཞོགས་ཟས་ཡག་པོ་མི་ཟ་བ།
        ཞོགས་ཟས་ཡག་པོ་བཟས་ན་གཞི་ནས་རྙིང་དོར་གསར་ལེན་ཡག་པོ་ཐུབ་སྟེ་ཉིན་གང་པོ་གྲུང་ཤ་དོད་པོ་ཆགས་པ་དང་། གལ་སྲིད་ཞོགས་ཟས་མ་བཟས་ན་སྒྱིད་ལུག་དང་ཉོབ་སྟངས་སླེབས་སྲིད།
图片
        ལྔ། དཀའ་ལས་ཁག་པའི་རྐྱེན་གྱིས་ལུས་པོར་སྦྱོང་བརྡར་མི་བྱེད་པ།
        བྱེད་སྟངས་འདི་ནི་ཕྱིན་ཅི་ལོག་པ་ཞིག་རེད། ཞིབ་འཇུག་ལས་མངོན་གསལ། གཟའ་འཁོར་རེར་ལུས་སྦྱོང་ཐེངས་3དང་ཐེངས་རེར་སྐར་མ་20བྱས་ཚེ། གཟའ་འཁོར་6གི་རྗེས་སུ་ལུས་པོ་དེ་སྔོན་ལས་བདེ་བ་ཡོང་གི་ཡོད། 
图片
        དྲུག གཟའ་མཇུག་ཏུ་དགོང་མོ་ཕྱི་པོར་ཉལ་བ་དང་ཞོགས་ཉལ་རྒྱག་པ།
        གཟའ་མཇུག་ཡིན་ནའང་ཞོགས་པ་རྒྱུན་གཏན་ལྟར་ལངས་དགོས། གལ་སྲིད་ལངས་འདོད་མེད་ནའང་ཆུ་ཚོད་ཕྱེད་ཀ་ལས་འགལ་མི་རུང་། དེ་འདྲ་མ་བྱས་ཚེ་གཟུགས་པོར་དཀའ་ལས་ཁག་པའི་སྣང་བ་ཡོང་སྲིད།