རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ8པའི་ཚེས7ཉིན། ཁུལ་སྲིད་གཞུང་གིས་ཕྱོགས་བསྡུས་འགྲིམ་འགྲུལ་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ།མིག་སྔའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་།མཐའ་མའི་གདོང་མཆོང་གི་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་ཏེ།ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་རང་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་སྤེལ་ཚུལ་དང་ཉིང་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་སྐུལ་འདེད་བཏང་ཚུལ་གྱི་སྙན་སེང་གསན་པ་དང་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་གཙོ་གནད་ལ་དམིགས་པ་དང་བརྒྱུད་རིམ་ལྡན་པའི་ངང་ཤུགས་སྣོན་བརྒྱབ་སྟེ་ལས་དོན་ཁག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།ལས་རིགས་གཙོ་སྐྱོང་གི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་།སྣེ་ཁྲིད་དང་སྤྱི་ཡོངས་དམ་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།རང་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་དང་སྐྱེལ་འདྲེན་ཞབས་ཞུའི་ལས་དོན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། འགག་རྩའི་ཚིགས་གནས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ“ཞན་ཆ་ལེགས་གཏོང་དང་ཟོམ་སྐྱོན་མེད་པའི”བྱེད་ཐབས་ཀྱིས་རང་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།“རྣམ་གྲངས་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཡིན་”པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་འགན་འཁྲི་ནན་དུ་གཏོང་བ།སྲིད་ཇུས་གསལ་འགྲེལ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།རང་འགུལ་ངང་མདུན་གྲལ་ལ་ཞབས་འདེགས་ཞུ་བ།རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྣམ་གྲངས་ནུས་ཆེའི་ངང་སྐུལ་འདེད་གཏོང་བར་ཁོར་ཡུག་བཟང་པོ་སྐྲུན་པ་དང་།དཔལ་འབྱོར་དམ་འཛིན་ཆེན་པོ་དང་རྣམ་གྲངས་མཉམ་དུ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།རྫོང(གྲོང་ཁྱེར)ཁག་གིས་རྣམ་གྲངས་བསྡུ་སྒྲིལ་མཐུན་སྦྱོར་གྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་།ཉིང་lལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་དང་།ཡུས་ལུང་ནས་འབའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་གཙོ་གནད་རྣམ་གྲངས་ལ་དམིགས་པ།འབེན་ལ་དམིགས་ནས་སྲིད་ཇུས་ལག་བསྟར་དང་།གནད་སྨིན་ཤུགས་འདོན་བྱེད་པ།“བསྡུ་སྒྲིལ་དཀའ་སེལ།མཐུན་སྦྱོར་དཀའ་བ”སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་རྒྱུར་མཐུན་རྐྱེན་གཏོད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་སྲིད་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་གོང་རིམ་གྱི་འཆར་འགོད་ཕྱོགས་སྟོན་དང་།སྲིད་ཇུས་ཀྱི་སྟོན་ཕྱོགས།མ་དངུལ་གཏོང་ཕྱོགས་བཅས་ལ་དམ་པོར་དམིགས་ཏེ་འགྲིམ་འགྲུལ་གྱི་རྣམ་གྲངས་གལ་ཆེན་ཁག་གཅིག་འདུན་ཞུ་ཧུར་ཐག་བྱེད་པ་དང་།རྣམ་གྲངས་དེ་བས་མང་བ་རྒྱལ་ཁབ་དང་ཞིང་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྣམ་གྲངས་ནང་འཇུག་པའི་བརྩོན་ལེན་བྱེད་པ།བདེ་ཆེན་འདི་ཉིད་ཡུན་ནན་ནུབ་རྒྱུད་བོད་ལྗོངས་དང་སི་ཁྲོན་དུ་སྐྱོད་པའི་ས་ཁོངས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཤིག་ཏུ་ཧུར་ཐག་གཏོད་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཉེ་དུས་ཀྱི་ཡུལ་སྐོར་གྱི་མཐོ་རླབས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞབས་ཞུ་འགན་ལེན་དང་དོ་དམ་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ་དང་།འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་ནས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་དགོས།སྒྲིག་ཁྲིམས་ཀྱི་ཐིག་དམར་དང་སྤྱོད་གཙང་གི་གཞི་ཐིག་ནན་སྲུང་དང་།སྤྱོད་གཙང་ཉེན་ཁ་སྔོན་འགོག་བཀག་སྡོམ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ།འཛུགས་སྐྲུན་དང་སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལེན་གྱི་གོ་རིམ་ཚད་ལྡན་དུ་གཏོང་བ།སྔོན་རྩིས་ལག་བསྟར་དང་རྣམ་གྲངས་ཀྱི་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།སྲོལ་བཟང་སྤྱོད་བཟང་དང་ལས་སྒྲུབ་ལས་སྐྲུན་གྱི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་དགོས།
ཁུལ་གྱི་འགོ་ཁྲིད་ལིན་ཧའོ་དང་།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་འགན་ཁུར་པ་གཙོ་བོ།རྫོང་(གྲོང་ཁྱེར་)གསུམ་གྱི་སྲིད་གཞུང་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འགན་ཁུར་པ་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད།