རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་བའི་ལོ་ཤས་རིང་། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱིས་ལེགས་ཆར་བརྟེན་ནས་ས་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་།སྣོད་བཅུད་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་བཅས་བྱས་པར་བརྟེན་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་པ་དང་།མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཏན་ཏིག་ཕྱིན་ནས་གྲོང་གསེབ་དར་རྒྱས་ཀྱི“ལངས་གཟུགས་ཀྱི་རྒྱུགས་ལན”ལེགས་པོ་བྲིས་ཡོད།
མཐའ་ཆུ་གྲོང་རྡལ་དུ་གནས་པའི་འབའ་ལུང་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་ནི་ཡུལ་སྐོར་བར་ཐག་ཉེ་ས་ནས་ཏན་སྤྲེའུ་སྤུ་སེར་ལྟ་ཞིབ་བྱེད་དུ་འཇུག་ཐུབ་པའི་ས་ཆ་གཅིག་པུ་དེ་རེད།རྒྱལ་ཁབ་སྤྱི་གླིང་གིས་སྲུང་སྐྱོང་གཙོ་བོར་བྱེད་པ་དང་གཉེར་སྐྱོང་གཞོགས་འདེགས་སུ་བྱས་པའི་རྐྱེན་གྱིས་ཡུལ་སྐོར་བ་སྔ་དྲོའི་དུས་མཚམས་སུ་ཏན་སྤྲེའུ་སྤུ་སེར་ལ་ལྟ་ཞིབ་བྱེད་ཆོག་གི་ཡོད་པ་རེད།
དུས་ད་ལྟ།ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་དུ་རྒྱུན་མཐོང་གི་རི་སྐྱེས་སྲོག་ཆགས་རིགས་250ལྷག་ཡོད།རྒྱལ་ཁབ་ཀྱི་རིམ་པ་དང་པོའམ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་སྣ་མང་ཡོད་པ་དང་།ཏན་སྤྲེའུ་སྤུ་སེར་གྱི་གྲངས་འབོར་དེ་ཐོག་མའི་40ལྷག་ནས་ད་ལྟའི་གསུམ་བརྒྱ་བཞི་བརྒྱ་ལྷག་ལ་འཕར་ཡོད།མིག་སྔར།མཐའ་ཆུ་གྲོང་རྡལ་གྱི་ནགས་ཚལ་ཁེབས་ཚད་83.93%ཟིན་པ་དང་ཁེབས་ཚད་མཐོ་ཤོས་ཡིན་པའི་འབའ་བྲོས་གྲོང་ཚོར་90.2%ཟིན་ཡོད་པ་རེད།
མཐའ་ཆུ་གྲོང་རྡལ་གྱིས་ཡུལ་བབ་དང་བསྟུན་ནས་རང་བྱུང་ཐོན་ཁུངས་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་དང་།ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་དང་།སྡེ་ཁུལ་དུས་བདེ་ཞི་མཐུན་ཡོང་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་བཏོད་དེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་།རང་བྱུང་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པ།སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཕན་ཚུན་སྐུལ་འདེད་དང་གཉིས་ཕན་ཡོང་བ་བཅས་བྱས་ཡོད།
ས་སྲོད་ཀྱི་དུས་སུ། མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཚོའི་མན་ལའེ་ཡུའེ་དམངས་སྲོལ་གནས་ཚང་དུ་མགྲོན་པོ་རྣམས་སྒོ་རའི་ནང་དུ་བསྡད་དེ་ལྷིང་འཇགས་ཀྱི་དུས་ཚོད་ལོངས་སུ་སྤྱོད་བཞིན་ཡོད།དམངས་སྲོལ་གནས་ཚང་གི་འགན་འཁུར་བ་ཧོ་ཡན་ཆུན་གྱིས་མཐའ་ཆུ་གྲོང་རྡལ་གྱི་ཞིང་སྡེའི་མཛེས་ལྗོངས་ལྟ་ན་སྡུག་པ་མ་ཟད། ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་སོགས་མཛེས་ལྗོངས་ཁུལ་དང་ཐག་ཉེ་པོ་རེད།ད་དུང་ཞིང་སྡེའི་འཚོ་བར་རོལ་མྱོང་ཟབ་མོ་བྱེད་ཐུབ།ཕྱི་རོལ་དུ་རྐང་ཐང་ལ་འགྲོ་བ་དང་སྔོ་ཚལ་དང་ཤིང་ཏོག་འཐུ་བ་སོགས་བྱེད་ཐུབ་པས་དམངས་སྲོལ་གནས་ཚང་གི་ཚོང་མི་ཆོག་རྒྱུ་མེད།རྒྱུན་དུ་གནས་སྡོད་ཀྱི་མགྲོན་པོ་མང་། དེ་མིན་མཐའ་ཆུའི་འཁྱགས་ཆང་དང་། སྦྲང་རྩི། བེ་ཤ་སོགས་ཁྱད་ལྡན་ཐོན་རྫས་ལ་མགྲོན་པོ་རྣམས་ཀྱི་དགའ་བསུ་ཐོབ་ཡོད་ཞེས་བཤད་བྱུང་།
མཛེས་སྡུག་ལྡན་པའི་ཞིང་སྡེའི་མཛེས་ལྗོངས་དང་།གཏིང་ཟབ་པའི་མི་རིགས་རིག་གནས་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས།མཐའ་ཆུ་གྲོང་རྡལ་དུ་གཏིང་ཟབ་པའི་ཉམས་ལེན་ཡུལ་སྐོར་རྣམ་གྲངས་བཏོད་དེ།“ཞིང་པའི་སྤྲོ་སྐྱིད་ཁང་”དང་།“གྲོང་གསེབ་ཡུལ་སྐོར་”གྱི་རྨང་གཞིའི་ཐོག་གཉེན་ཚན་གྱི་ཞིབ་འཇུག་སློབ་སྦྱོང་དང་།ཞིང་ལས་མྱོང་རོལ།རི་འཛེགས་འཐུ་བསྡུ།མངོན་མིན་རིག་གནས་ཤུལ་བཞག་རིག་གནས་སོགས་ཀྱི་གཞི་རྒྱུ་བསྣན་ཏེ།ཆི་པེ་གྲོང་ཚོའི་སྙན་གྲགས་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད།མཐའ་ཆུ་གྲོང་རྡལ་དུ་ད་ཡོད་མགྲོན་ཁང་157དང་ཁྱད་ལྡན་ཞིང་དུད་སྤྲོ་སྐྱིད་ཁང་120ལྷག་ཙམ་ཡོད་པ་དེ་དག་གིས་ལོ་རེར་ཆ་སྙོམས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་13ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་མི་900ལྷག་ཙམ་ཡུལ་སྐོར་ལས་དོན་ལ་སྐུལ་ཁྲིད་བྱས་ཡོད།
མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཨུའི་ལས་དོན་མི་སྣ་ཚེ་རིང་གཡང་དགའ་ཡིས་ངང་རྒྱུད་རིང་པོས་བོད་སྐད་དང་འཇང་སྐད་ཀྱི་ལམ་ནས་ཡུལ་སྐོར་བར་ཡུལ་སྐོར་ལམ་ཐིག་ངོ་སྤྲོད་བྱས་པ་ཐོས་རྗེས།བློ་འདྲི་བར་ཡོང་བའི་ས་དམ་གྱི་ཡུལ་སྐོར་བས་ཧང་སངས་བཞིན་ཁྱེད་ཀྱིས་འཇང་སྐད་བཤད་ཤེས་འདུག འོན་ཀྱང་མིང་ལ་བལྟས་ནས་ཁྱེད་རང་བོད་རིགས་རེད་ཅེས་དྲིས་བྱུང་།ཚེ་རིང་གཡང་དགའ་ཡིས་ང་ལ་མི་རིགས་མང་པོའི་གྲོགས་པོ་ཡོད། དུས་རྒྱུན་དུ་ཚང་མ་མཉམ་དུ་བསྡད་ནས་ཕན་ཚུན་གྱི་སྐད་ཆ་དང་རིག་གནས་ལ་སློབ་སྦྱོང་བྱེད་གི་ཡོད་ཞེས་ལན་བཏབ་བྱུང་།
མཐའ་ཆུ་གྲོང་རྡལ་དུ་ལི་སུའུ་རིགས་དང་བོད་རིགས།འཇང་རིགས།རྒྱ་རིགས་སོགས་མི་རིགས་8ཡོད།དུས་ཡུན་རིང་པོའི་ནང་། མི་རིགས་ཁག་བར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་དང་།ཕན་ཚུན་བཟོད་སྒོམ།ཐུན་མོང་ཐོག་ཡར་ཐོན་ཡོང་བ་བཅས་ཀྱི་རྨང་གཞི་དེའི་ཐོག་མཐའ་ཆུ་གྲོང་རྡལ་གྱིས་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་།སྲོལ་རྒྱུན་གྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།རིག་གནས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་སྔར་ལས་ལེགས་པ་བཏང་ཡོད།
ཚེ་རིང་གཡང་དགའ་ཡིས་ལི་སུའུ་རིགས་ཀྱི་ཁུའོ་ཧྲི་དུས་ཆེན་གྱི་སྐབས་སུ།ཁྱོད་ཀྱིས་བོད་རིགས་དང་འཇང་རིགས།པའེ་རིགས་སོགས་མི་རིགས་ཀྱི་གྲོང་མི་རྣམས་ཀྱིས་རང་རང་གི་སྲོལ་རྒྱུན་གྱི་ལྭ་བ་གྱོན་ནས་མཉམ་དུ་ལི་སུའུ་རིགས་ཀྱི་ཨ་ཁྲེ་མུའུ་ཀྭ་འཁྲབ་པ་མཐོང་ཐུབ།ཚང་མས་ཕན་ཚུན་གྱི་དབྱེ་བ་མི་འབྱེད་པར་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་བཤད་བྱུང་།
2024ལོར་ཀྲུང་གུང་མཐའ་ཆུ་གྲོང་རྡལ་ཨུ་ཡོན་ལྷན་ཁང་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་”ཀྱི་མཚན་སྙན་སྤྲད་པ་རེད།མཐའ་ཆུ་གྲོང་རྡལ་གྱི་ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཐའོ་ཡིས་ང་ཚོས་བློ་ཐག་རྦད་ཆོད་ཀྱིས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་གྱི་རྣམ་པ་བཟང་པོ་སྲུང་སྐྱོང་དང་སྲ་བརྟན་དུ་བཏང་སྟེ།མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད་ཞེས་བཤད་བྱུང་།
མཐའ་ཆུ་གྲོང་རྡལ་དུ་སྣོད་བཅུད་སྲུང་སྐྱོང་ནི་འཕེལ་རྒྱས་ཀྱི་ལྕགས་སྒྲོག་མིན་པར་གྲོང་གསེབ་དར་རྒྱས་གཏོང་བའི་གསང་གྲངས་ཡིན།མི་རིགས་ཀྱི་རིག་གནས་ནི་བཤམས་སྟོན་ཁང་ནང་གི་ཤུལ་བཞག་མིན་པར་མི་སེམས་གཅིག་སྒྲིལ་བྱེད་པའི་སྦྲེལ་ཐག་ཡིན།ཡུལ་སྐོར་ཐོན་ལས་ནི་ཡོང་སྒོ་འཕར་སྣོན་བྱེད་པའི་ཐབས་ལམ་ཁོ་ན་མ་ཡིན་པར།ཕྱི་ཕྱོགས་དང་འབྲེལ་བའི་ཟམ་པ་ལྟ་བུ་ཡིན།