ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་134པ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་7པའི་ཚེས་31ཉིན་གྱི་ཕྱི་དྲོར། ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་134པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་རང་ཁུལ་གྱི་ལག་བསྟར་ལས་ཀ་ཞིབ་འཇུག་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གཏོང་སྟེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས།  “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་རྣམ་གྲངས་ལག་བསྟར་མགྱོགས་པོར་གཏོང་སྟེ་ཕྱོགས་བསྡོམས་དང་དཔྱད་དཔོག་ནན་ཏན་བྱེད་དགོས།   “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་བཟོ་འགོད་ཡག་པོ་བྱེད་དེ་ཕྱོགས་སོ་སོའི་བསམ་འཆར་ནན་ཏན་ཉན་ནས་རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྡུད་བྱེད་དགོས།  ལོ་འགོར་གཏན་འབེབས་བྱེད་པའི་དམིགས་འབེན་ལ་དམིགས་ནས་རྣམ་གྲངས་ལ་དམ་འཛིན་དང་།  མ་དངུལ་འཇོག་པར་དམ་འཛིན།  ཚོང་འགུག་ལ་དམ་འཛིན་བཅས་བྱེད་དེ་གྲོང་རྡལ་ཅན་འཛུགས་སྐྲུན་གཏིང་ཟབ་གཏོང་དགོས།   རྒྱུན་མཐུད་ངང་སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་གཏིང་ཟབ་ཏུ་གཏོང་སྟེ་གྲངས་གཞིའི་ཐབས་ཇུས་དང་། དོ་དམ།  གསར་གཏོད་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་དགོས། 

     གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུག་འགོག་གེགས་སེལ་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གཏོང་སྟེ་ཕྱོགས་ཡོངས་ནས་“1262”སྔོན་ཚུད་བརྡ་ཁྱབ་ལམ་སྲོལ་དོན་འཁྱོལ་བྱེད་དགོས་པ་དང་།  གཙོ་གནད་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་དང་འཕྲལ་སྡོམ་འཕྲལ་རྐྱེན་ཐག་གཅོད་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།  སློབ་མ་ཆུས་ཆུབ་པ་སྔོན་འགོག་ལས་ཀ་ཡག་པོ་སྒྲུབ་སྟེ་ཁུལ་ཡོངས་བདེ་འཇགས་ངང་ཆུ་རྒྱས་པའི་དུས་སྐབས་བརྒལ་ཐུབ་པར་ཁག་ཐེག་བྱེད་དགོས།  

    གྲོས་ཚོགས་ཐོག་ནན་བཤད་བྱས་དོན། གསར་དུ་དར་བའི་མངའ་ཁོངས་ཀྱི་ཏང་གི་རྩ་འཛུགས་ཁྱབ་རྒྱ་དང་ལས་ཀ་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པ་དང་ཏང་ཡོན་གྱི་“གསོ་སྐྱོང་གསུམ་”ལས་གྲྭ་གཏིང་ཟབ་གཏོང་སྟེ་འཛུགས་སྐྱོང་དང་དོ་དམ་མཉམ་འཛིན་བྱེད་དེ་ཏང་འཛུགས་སྐྱོང་ལས་ཀའི་སྤུས་ཚད་མཐོ་རུ་འདེགས་དགོས།

        གྲོས་ཚོགས་ཐོག་《བདེ་ཆེན་ཁུལ་2025ལོ་འཁོར་གྱི་ཕྱོགས་བསྡོམས་དཔྱད་ཞིབ་ལས་ཀའི་ཇུས་གཞི》གྲོས་ཞིབ་བྱས་པ་དང་།  གཟི་བརྗིད་ལྡན་པའི་བསམ་པ་ཇེ་ཆེར་གཏོང་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་འདུ་ཤེས་འཛུགས་ཏེ་དུས་རྒྱུན་གྱི་ལས་ཀར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་།  མཇུག་འབྲས་བཀོལ་སྤྱོད་ཇེ་ཆེར་གཏོང་སྟེ་དཔྱད་ཞིབ་ཀྱི་ཁྲིད་ཕྱོགས་དང་སྐུལ་སློང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་བཤད་བྱས།  

        གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་“སྤུས་རྟགས་གསུམ་དང་ཁྱད་ལྡན་གཅིག”གི་བདེ་འཇགས་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་སེང་ཉན་པ་དང་། བདེ་འཇགས་ཀྱི་འདུ་ཤེས་ཇེ་ཆེར་གཏོང་དགོས་པ་དང་། མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་བདེ་འཇགས་ཉེན་ཁ་མི་འབྱུང་བ་དང་བདེ་འཇགས་དོན་རྐྱེན་ཚབས་ཆེན་མི་འབྱུང་བ།  ཚོར་སྣང་སྐྱེན་པའི་གླེང་ཚུལ་ཆེན་པོ་མི་འབྱུང་བའི་གསང་ཐག་མཐའ་གཅིག་ཏུ་སྲུང་དགོས་ཞེས་ནན་བཤད་བྱས།  

        གྲོས་ཚོགས་ཐོག་ཁུལ་ཡོངས་སྲིད་ཁྲིམས་རུ་ཁག་འཛུགས་སྐྱོང་གནས་ཚུལ་སྐོར་གྱི་སྙན་སེང་ཉན་པ་དང་། སྲིད་ཁྲིམས་ལས་ཁུངས་དང་པོ་ནི་ཆབ་སྲིད་ཀྱི་ལས་ཁུངས་ཡིན་ཏེ་ཆབ་སྲིད་གྱི་ཁ་ཕྱོགས་དམ་འཛིན་བརྟན་པོ་བྱེད་དགོས་པ་དང་།  ཕྱོགས་བསྡུས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་དེ་ཕྱོགས་སོ་སོས་འགལ་བ་དང་རྩོད་གཞི་སེལ་བའི་ལས་དོན་ཡག་པོ་སྒྲུབ་པར་མཐུན་སྦྱོར་བྱེད་དགོས།  ཁྲིམས་ལྟར་ལས་འགན་སྒྲུབ་སྟེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་བདེ་བར་གནས་ཤིང་ལས་ལ་བརྩོན་པར་འགན་ལེན་བྱེད་པ་སོགས་ལ་དམིགས་ནས་ལས་དོན་ཁག་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱེད་དགོས།  ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཏིང་ཟབ་གཏོང་སྟེ་ལས་བྱེད་པ་རུ་ཁག་ལ་དོ་དམ་ནན་པོ་བྱེད་དགོས་ཞེས་ནན་བཤད་བྱས།  

        གྲོས་ཚོགས་ཐོག་སྤྱི་བདེ་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་སེང་ཉན་པ་དང་། ཆབ་སྲིད་ལས་ཁུངས་ཀྱི་ངོ་བོ་འབུར་དུ་ཐོན་དགོས་ཏེ་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པ་དང་།  ཁ་བྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ།  ཁྲིམས་འགལ་ཉེས་བཟོ་འབུར་ཐོན་ལ་རྡུང་རྡེག་བྱེད་པ།   འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དོན་རྐྱེན་སྔོན་འགོག་མ་ལག་འཐུས་ཚང་དུ་གཏོང་བ།  དྲ་ཐོག་གི་འཐབ་རྩོད་གཏིང་ཟབ་གཏོང་བ།  གསར་བརྗེ་ཅན་དང་ཚད་ལྡན་ཅན།  ཆེད་ལས་ཅན།  ལས་རིགས་ཅན་གྱི་སྤྱི་བདེ་རུ་ཁག་འཛུགས་སྐྲུན་བཅས་བྱེད་དགོས་པའི་ནན་བཤད་བྱས། 

        གྲོས་ཚོགས་ཐོག་ཁུལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་ཀའི་སྙན་སེང་ཉན་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ཕན་འབྲས་མཐོ་རུ་གཏོང་དགོས་པ་དང་།  སྤྱོད་གཙང་ཡུན་ནན་འཛུགས་སྐྲུན་གྱི་བདེ་ཆེན་ལག་ལེན་གཏིང་ཟབ་ཏུ་གཏོང་དགོས།  རྒྱུན་མཐུད་ངང་མང་ཚོགས་འགྲམ་དུ་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་བསྡུས་སྒྲིག་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས།  ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མཉམ་བཤེར་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས།  ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་སྟེ་“ཉམས་སད་ཐེག་ཐུབ་པ་བཞིའི”རུ་ཁག་འཛུགས་སྐྱོང་བྱེད་དགོས་ཞེས་ནན་བཤད་བྱས། 

        གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ཞིབ་འཇུག་བྱས་པ་རེད།