བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་8དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས23ཉིན་གྱི་སྔ་དྲོར།བདེ་ཆེན་ཁུལ་དང་ཡུན་ནན་ཞིང་ཆེན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི།ཁང་ལུའི་ཚོགས་པ།ཞིང་ཆེན་མཁའ་འགྲུལ་ཐོན་ལས་མ་འཇོག་ཚོགས་པ།ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པ།ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པ།ཞིང་ཆེན་ནུང་ཁེན་ཚོགས་པ།ཡུན་ནན་པའེ་ཡའོ་ཚོགས་པ།ཁུན་སྨན་ཚོགས་པ་སོགས་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་8ཀྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཁུན་མིང་དུ་འཚོགས་ནས། ཁ་གཏད་རོགས་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་སྔར་བས་ཇེ་ཆེར་བཏང་སྟེ།ཕྱོགས་གཉིས་གཉིས་ཕན་མཉམ་ཁེ་ཡོང་བར་བྱ་རྒྱུའི་ཐད་སྤེལ་རེས་ཟབ་མོ་བྱས་ཡོད།

    ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཨུའི་བོད་འབྲེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝུའུ་ཡུན་སན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཞུགས་པ། 

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཞུགས་པ།

    ཚོགས་འདུའི་ཐོག་བདེ་ཆེན་ཁུལ་གྱི2024ལོའི་ལས་འགན་གསལ་ཐོ་དོན་འཁྱོལ་བྱས་ཚུལ་དང་2025ལོའི་རོགས་སྐྱོར་རེ་ཞུའི་དོན་ཚན་སྐོར་གྱི་སྙན་ཞུ་ཉན་པ། ཁེ་ལས་8ཀྱིས་རོགས་སྐྱོར་ལས་དོན་གྱི་ཕན་འབྲས་ངོ་སྤྲོད་བྱས་པ་དང་འབྲེལ་བདེ་ཆེན་ཁུལ་གྱིས་བཏོན་པའི་རེ་ཞུའི་དོན་ཚན་ལ་ལན་ཡང་བརྒྱབ་པ་རེད།

    ཝུའུ་ཡུན་སན་གྱིས་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཨུའི་བོད་འབྲེལ་གཞུང་སྒྲུབ་ཁང་གི་ཚབ་བྱས་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་8ཀྱིས་ནུས་ཤུགས་ཡོད་རྒུས་བདེ་ཆེན་ལ་རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཁག་གི་ཁོངས་གཏོགས་ཁེ་ལས་ཀྱིས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་རྟོགས་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་ཆེན་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་གཞི་ཚུགས་ཏེ་སོ་སོའི་འཇོན་ཐང་མངོན་པར་བྱེད་པ་དང་།སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།བདེ་ཆེན་ཁུལ་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་།བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ།རྣམ་གྲངས་གལ་ཆེན་དང་།ཐོན་ལས་སྐྱེད་སྲིང་།གྲོང་གསེབ་དར་སྤེལ་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་བྱེད་པ།ཁ་གཏད་རོགས་སྐྱོར་ལས་སྟེགས་ཡག་པོ་སྤྱོད་པ་བཅས་བྱས་ཏེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།འབྲེལ་མཐུད་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་བ་དང་།རོགས་སྐྱོར་རྣམ་གྲངས་ལག་ལེན་བསྟར་བའི་སྒྲིག་འཛུགས་གང་ཐུབ་བྱས་ཏེ།ཁེ་ལས་བདེ་ཆེན་ཁུལ་དུ་འཕེལ་རྒྱས་གཏོང་བར་ཆ་རྐྱེན་སྐྲུན་པ་དང་།ཁེ་ལས་བདེ་ཆེན་དུ་ཡུན་རིང་འཕེལ་རྒྱས་གཏོང་བ་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་རོགས་རམ་བྱ་དགོས།ཞིང་ཨུའི་བོད་འབྲེལ་ལས་དོན་གཞུང་ལས་ཁང་གིས་འབྲེལ་མཐུད་མཐུན་སྦྱོར་ལས་དོན་ཡག་པོ་བསྒྲུབས་ཏེ།བདེ་ཆེན་ཁུལ་གྱི་ཁ་གཏད་རོགས་སྐྱོར་གྱི་འབྲེལ་ཡོད་རྣམ་གྲངས་གལ་ཆེན་དེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་འཇུག་རྒྱུར་མཛུབ་ཁྲིད་བྱེད་དགོས།

    ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།ཞིང་ཨུའི་བོད་འབྲེལ་གཞུང་དོན་ཁང་།ཞིང་ཆེན་ཁོངས་གཏོགས་ཁེ་ལས་8བཅས་ཀྱིས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་བསྟན་དོན།འདས་ཟིན་པའི་ལོ་གཅིག་རིང་།ཞིང་ཆེན་ཁག་གི་ཁོངས་གཏོགས་ཁེ་ལས་ཀྱིས་བརྩེ་སེམས་ལ་བརྟེན་ནས་རོགས་སྐྱོར་གཏིང་ཟབ་བྱས་པ་དང་།ཁ་གཏད་རོགས་སྐྱོར་ལས་དོན་ལ་ཕན་འབྲས་ཏན་ཏིག་ཐོབ་པ་བྱས་ཏེ།བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།མིག་སྔར་བདེ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་།ཞིང་ཆེན་ཁག་གི་ཁོངས་གཏོགས་ཁེ་ལས་ཚོགས་པ་ཁག་གིས་བདེ་ཆེན་གྱི་མི་རིགས་ཁག་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་།ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཟབ་ཏུ་གཏོང་བ།ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ལ།ཕྱོགས་གཉིས་པོས་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བའི་རེ་བ་ཡོད།

    ཞིང་ཨུའི་བོད་འབྲེལ་ལས་དོན་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་།རང་ཁུལ་གྱི་འགོ་ཁྲིད་ལིའོ་ཝུན་ཚའེ་དང་།ཁྲེན་ཆུན།ཀྲོང་ཞའོ་ཕིང་།དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་ཞུགས་ཡོད་པ་རེད།