རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-29   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
གཅིག མེ་ཟོན་བདེ་འཇགས། ཁྱིམ་གྱི“མེ་ཙག”ཆུང་ཆུང་ལ་ཡིད་གཟབ་བྱེད་དགོས།
ཉེན་ཁ་ཐོན་ས། ཐབ་ཚང་གི་མེའམ་ཚ་བ་འབྱུང་ས་དང་། གློག་གསོག་སྒྲིག་ཆས་ཚ་པོ། གློག་ཆས་རྙིང་པ། དུག་སྦྲང་བདུག་སྤོས་སམ་དུག་སྦྲང་གསོད་ཆས། མེ་ལྕགས་སམ་མུ་ཟི། མེ་འབར་སླ་བའི་དངོས་ཟོག སྒྲིག་འགལ་གྱིས་གློག་སྒུལ་སྦག་སྦག་ལ་གློག་གསོག་པ་བཅས་ཡིན།
(1) “ཐབ་ཚང་ནང་འགྲོ་རུ་མི་འཇུག་པ” ཕྲུ་གུ་གཅིག་པུ་རང་འཚམ་ངང་ཐབ་ཚང་དུ་འགྲོ་རུ་འཇུག་རྒྱུ་མེད། ལྟོ་ཆས་བཟོ་སྐབས་ཕྲུ་གུར་ཆེད་དུ་ལྟ་མཁན་ཞིག་དགོས་ལ། ཚལ་སླང་འཁྱེར་སྐབས་དེའི་ཡུར་བ་ཕྲུ་གུར་མ་རེག་པ་བྱེད་དགོས། མེ་ལྕགས་དང་མུ་ཟི་ངེས་པར་དུ་ཕྲུ་གུས་མ་མཐོང་སར་འཇོག་དགོས།
(2) “ཁྱིམ་སྒོ་ཐོན་སྐབས་གློག་གསོད་དགོས”པ་ནི་ཧ་ཅང་གལ་ཆེན་པོ་རེད། ལག་ཐོགས་ཁ་པར་དང་ངོས་ལེབ་གློག་ཀླད་ལ་གློག་བསགས་རྗེས། གློག་སྐུད་ཡིན་གཅིག་འབུད་དགོས། གློག་གསོག་སྐབས་ཀྱང་འབར་སླ་བའི་དངོས་རྫས་དང་བར་ཐག་འཇོག་དགོས་ལ། ལྟ་མཁན་མེད་པར(ལྷག་པར་དུ་མཚན་མོ)གློག་ཡུན་རིང་བསགས་ནས་འཇོག་མི་ཉན། གློག་སྐུད་ལ་ཞིབ་བཤེར་བྱས་ནས་གློག་འཛུགས་སར་གློག་སྐུད་མང་པོ་བསྒར་རྒྱུ་མེད།
(3) “མངོན་མེད་མེ་ཙག”དོ་དམ་ནན་པོ་བྱེད་དགོས། དུག་སྦྲང་བདུག་སྤོས་ཡིན་གཅིག་ལྕགས་སྡེར་ཐོག་བཞག་ནས་འབར་སླ་བའི་དངོས་རྫས་དང་བར་ཐག་སྨི་1འཇོག་དགོས། ཆུ་དྲི་ཞིམ་དང་། བྱུག་ཆུ་དྲི་ཞིམ་སོགས་ཨ་རག་ཉིང་ཁུ་འདུས་པའི་ཅ་དངོས་མེ་དང་ཚ་བ་ཆེ་ས་དང་བར་ཐག་རིང་དུ་འཇོག་དགོས་ལ། གློག་སྒུལ་རྐང་འཁོར་རམ་ཡང་ན་གློག་རྫས་ཁྱིམ་དུ་ཁྱེར་ནས་གློག་གསོག་མི་རུང་།
(4) ཉི་གཡབ་ཏུ་མེ་སྐྱོན་ཉེན་ཁ་ཡོད་མེད་གྲལ་བཤེར་བྱེད་དགོས། ཉི་གཡབ་ཏུ་བཞག་པའི་ཤོག་སྒམ་དང་ནང་ཆས་རྙིང་པ་སོགས་འབར་སླ་བའི་དངོས་རིགས་དུས་ཐོག་ཏུ་གཙང་སེལ་བྱེད་དགོས་པ་མ་ཟད། ཕྲུ་གུས་སྒེའུ་ཁུང་དང་ཉི་གཡབ་སྟེང་འཛེགས་ནས་ཕྱིར་ཅ་དངོས་དབྱུག་ཏུ་འཇུག་རྒྱུ་མེད།
(5) ཕྲུ་གུར་སྲོག་ཉེན་ལས་ཇི་ལྟར་ཐར་ཐབས་ཀྱི་རྒྱུན་ཤེས་མང་ཙམ་བསླབ་དགོས། ཉེན་ཁ་འཕྲད་སྐབས་ཕྲུ་གུར་ཁྱིམ་ཚང་ནས་ཕྱིར་བྲོས་ཐབས་ཀྱི་དཔེ་རིས་བྲིས་ནས། ཕྱིར་ཐོན་ས་དང་ཐ་མའི་འཛོམས་ས་གཉིས་ཁ་གསལ་བཟོ་དགོས་པ་མ་ཟད། དུས་བཀག་ཏུ་ནང་སྦྱོང་བྱས་ནས་ཕྲུ་གུར་ཁ་པར་119རྒྱག་སྟངས(ས་གནས་དང་། མེའི་གནས་ཚུལ། མི་ཁང་པར་ལུས་ཡོད་མེད)བསླབ་དགོས།
གཉིས། ཆུ་སུབ་སྔོན་འགོག་གི་བདེ་འཇགས། ཆུ་འགྲམ་དུ་ཉེན་ཁ་ཆེ་བས་ངེས་པར་དུ་ལྟ་མཁན་ཡོད་དགོས།
ཉེན་ཁ་ཐོན་ས། གཙང་པོ་དང་ཆུ་བོ། མཚོ། རྒྱ་མཚོ། ཆུ་རྫིང་། ཆུ་མཛོད(ཆུ་འགྲམ་གྱི་ཆུ་རྐྱལ) ཆུ་རྐྱལ་རྫིང་གི་ཆུ་གཏིང་རིང་སའམ་ཆུ་ཤོང་ས། ཁྱིམ་གྱི་ཆུ་སྣོད་དམ་ཡང་ན་ཆུ་གཞོང་། ཆུ་རྐྱལ་སྤྲོ་སྐྱིད་ཁང་བཅས་ཡིན།
(1) “ལྟ་མཁན་ཡག་པོ་དགོས་རྒྱུ”ནི་འགག་རྩ་ཡིན། ཕྲུ་གུ་མཐོང་སར་འཇོག་པ་དང་། ལག་ནང་གི་ཁ་པར་ལ་མགོ་འཁོར་རྒྱུ་མེད་ལ། སྐད་ཆར་མགོ་གཡེངས་ནས་སྡོད་མི་ཉན། ཕྲུ་གུ་ཆུ་འགྲམ་དུ་ཡོད་སྐབས། ཁྱེད་ཀྱིས་ཡིན་གཅིག་ཕྲུ་གུ་སྙོབ་སར་བསྡད་ནས་གནས་ཚུལ་ཐོན་ཚེ་འཕྲལ་མར་སྐྱོབ་ཐུབ་པ་བྱེད་དགོས། ལྷག་པར་དུ་ནར་མ་སོན་པའི་མིར་ཕྲུ་གུ་ལྟ་རུ་འཇུག་མི་ཉན།
(2) “གཙང་འགྲམ་སོགས་སུ་ཆུ་རྐྱལ་རྒྱག་པར”གཏོང་མི་ཉན། ཕྲུ་གུ་བདེ་འཇགས་ཀྱི་སྒྲིག་ཆས་མེད་ས་དང་། སྐྱོབ་མཁན་མེད་སའི་ཆུ་ཁོངས(གཙང་པོ་དང་ཆུ་བོ། མཚོ། རྒྱ་མཚོ། ཆུ་རྫིང་། ཆུ་མཛོད)ལ་ཆུ་རྐྱལ་རྒྱག་པ་དང་ཆུ་རྩེད་རྩེ་བར་གཏན་ནས་གཏོང་མི་ཉན། དེ་ལས་ཚད་ལྡན་དང་སྐྱོབ་མཁན་ཡོད་པའི་ཆུ་རྐྱལ་རྒྱག་སར་འགྲོ་དགོས།
(3) ཁྱིམ་ཚང་གི་ཆུ་གཞོང་སོགས་སུ་ཆུ་བརྒྱངས་ནས་འཇོག་པ་དེའང་ཉེན་ཁ་ཆེན་པོ་ཡོད། ཁྲུས་གཞོང་དང་ཆུ་སྣོད་ཀྱི་ཆུ་སྤྱད་ཟིན་རྗེས་ངེས་པར་དུ་སྟོང་པ་བཟོ་དགོས། ཆུ་གཞོང་དང་ཆུ་གསོག་སྣོད་ལ་ཁེབས་གཅོད་རྒྱག་པའམ་ཡང་ན་ཁེབས་བཙན་པོ་རྒྱག་དགོས། ཕྲུ་གུ་དམར་འབྱར་གཟུགས་པོ་འཁྲུད་སྐབས་ཡིན་གཅིག་འཁྲིས་སུ་སྡོད་དགོས།
(4) ཆུ་རྐྱལ་འགྱིག་འཁོར་ཡོད་ནའང་བདེ་འཇགས་ཡོད་པའི་ངེས་པ་མེད། རྩེད་ཆས་དབུགས་ལྒང་དེ་རང་སྲོག་སྐྱོབ་ཆེད་དུ་གཏན་ནས་བརྩི་མི་རུང་། ཚད་ལྡན་གྱི་སྐྱོབ་གོས་གྱོན་དགོས་པ་མ་ཟད་ཡིན་གཅིག་གཟུགས་པོར་རན་པ་ཞིག་གྱོན་དགོས།
(5) “བྱེད་མི་རུང་བ་དྲུག”ནན་བཤད་ཡང་ཡང་བྱེད་དགོས་པ་སྟེ། རང་འཚམ་ངང་ཆུ་རྐྱལ་མི་རྒྱག་པ་དང་། རང་འཚམ་ངང་གཞན་དང་མི་འགྲོགས་པ། ཁྱིམ་བདག་དང་དགེ་རྒན་མེད་པར་ཆུ་རྐྱལ་མི་རྒྱག་པ། བདེ་འཇགས་ཀྱི་སྒྲིག་ཆས་དང་སྐྱོབ་མཁན་མེད་སར་ཆུ་རྐྱལ་རྒྱག་པར་མི་འགྲོ་བ། ཆ་རྒྱུས་མེད་པའི་ཆུ་ཁོངས་སུ་མི་འགྲོ་བ། རང་འཚམ་ངང་ཆུ་ལ་མཆོངས་ནས་མི་སྐྱོབ་པར་མི་འགྲོ་བ་བཅས་ཡིན།
(6) མྱུར་སྐྱོབ་ཀྱི་རྩལ་ནུས་ཁོང་དུ་ཆུད་དགོས། སྙིང་དང་གློ་བ་སླར་གསོ(CPR)སོགས་ཀྱི་རྨང་གཞིའི་མྱུར་སྐྱོབ་ཤེས་བྱ་སློབ་དགོས།
གསུམ། གློག་མི་འཁྱུད་པ་ཇི་ལྟར་བྱེད་དགོས་མིན། མཐོང་མི་ཐུབ་པའི་ཉེན་ཁ་ནི་མིའི་སྲོག་འཕྲོག་མཁན་གཏེ་པོ་དེ་ཡིན།
ཉེན་ཁ་ཐོན་ས། གློག་འཛུགས་སའམ་གློག་སྐུད་སྐྱོན་ཅན་དང་། ལག་པ་རློན་པས་གློག་ཆས་ལ་རེག་པ། གློག་གསོག་ཡོ་ཆས་ཡུན་རིང་གློག་འཛུགས་སར་བརྒྱུས་ནས་འཇོག་པ། ཕྲུ་གུས་གློག་འཛུགས་སར་ཅ་དངོས་བརྒྱུས་པ། ཕྱི་རོལ་གྱི་གློག་ཆེན་ནམ་ཡང་ན་གློག་གནོན་སྒྱུར་ཆས། ཐོག་རྒྱག་པ་དང་། གློག་དམར་འཁྱུག་པ། དྲག་ཆར་འབབ་སྐབས་གློག་ཆས་སྤྱོད་པ།
(1) “གློག་འཛུགས་སར”དོ་སྣང་ཆེན་པོ་བྱེད་དགོས། བེད་མེད་དུ་བཞག་པའི་གློག་འཛུགས་ས་ཚང་མར་བདེ་འཇགས་ཀྱི་ཁེབས་གཅོད་བསྒར་དགོས་ལ། གོག་ཏོར་གྱུར་པ་དང་སྐྱོན་ཤོར་བའི་གློག་འཛུགས་ས་དང་། གློག་སྐུད། བསྒར་སྣེ་བཅས་དུས་ཐོག་ཏུ་བརྗེ་དགོས།
(2) “ལག་པ་རློན་པས་གློག་སྐུད་ལ་མ་རེག་པ”ནི་རྩ་དོན་ཡིན། ཕྲུ་གུར་ལག་པ་རློན་པས་གློག་ཆས་དང་། བསད་སྤར། གློག་འཛུགས་ས་བཅས་ལ་རེག་མི་ཉན་པའི་སློབ་གསོ་ཡང་ཡང་རྒྱག་དགོས་པ་མ་ཟད། ཁྲུས་ཁང་གི་གློག་ཆས(རླུང་འབུད་འཕྲུལ་འཁོར་སོགས)སྤྱད་རྗེས་དེའི་གློག་སྐུད་བཀོག་ནས་ཡག་པོ་བསྡུ་དགོས།
(3) “གློག་གསོག་པའི་གོམས་གཤིས”བཟང་པོ་འཇགས་པར་བྱེད་དགོས། གློག་བསགས་ཚར་རྗེས་ཡིན་གཅིག་གློག་སྐུད་བཀོག་དགོས་པ་ལས་གློག་སྐུད་ཡུན་རིང་གློག་འཛུགས་སར་བརྒྱུས་ནས་བཞག་ཚེ། གློག་སྐུད་ཚ་པོ་ཆགས་པའམ་གོག་ཏོ་ཆགས་ཉེན་ཡོད། གློག་གསོག་སྐབས་གློག་ཆས་དེ་ཉལ་ཁྲི་དང་འབོལ་ཁྲི་སོགས་འབར་སླ་བའི་དངོས་རིགས་དང་བར་ཐག་རིང་པོ་འཇོག་དགོས།
(4) “གློག་ཆས་བདེ་འཇགས”ལ་ཞིབ་བཤེར་ཡང་ཡང་བྱེད་དགོས། དུས་བཀག་ནང་ཁྱིམ་གྱི་གློག་ཆས་བསྒར་ནས་བཞག་ཡོད་མེད་ཞིབ་བཤེར་བྱེད་དགོས་པ་དང་། གལ་སྲིད་རྒྱུན་གཏན་མིན་རིགས(གློག་སྐུད་ཚ་པོ་ཆགས་པ་དང་། དུ་བ་ཐོན་པ། འཛེར་སྒྲ་གྲགས་པ)ཤེས་ཚེ་འཕྲལ་དུ་སྤྱོད་མཚམས་བཞག་ནས་བཟོ་དགོས། ཤུགས་ཚད་ཆེ་བའི་གློག་ཆས་མང་པོའི་གློག་སྐུད་གློག་འཛུགས་ས་གཅིག་ནང་བརྒྱུ་མི་རུང་།
(5) “ཕྱི་རོལ་གྱི་ཉེན་ཁར”རྒྱུན་དུ་དྲན་སྐུལ་བྱེད་དགོས། ཕྲུ་གུ་ཕྱི་རོལ་གྱི་གློག་ཆེན་སྒྲིག་ཆས་དང་། གློག་གནོན་སྒྱུར་ཆས། གློག་སྐུད་ཆད་ས་བཅས་ལ་འགྲོ་རྒྱུ་མེད་པ་མ་ཟད། ཐོག་རྒྱག་པ་དང་། གློག་དམར་འཁྱུག་པ། དྲག་ཆར་འབབ་སྐབས་སྒེའུ་ཁུང་རྒྱག་དགོས་པ་དང་། གློག་ཆས་ཀྱི་བསྒར་སྣེ་འཐེན་དགོས་ལ་ལྕང་མ་དང་ས་མཐོ་སར་སྡོད་མི་རུང་བའི་སློབ་གསོ་རྒྱག་དགོས།