རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་ཤེས་བྱའི་སློབ་ཁྲིད་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ཉིད་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ཇེ་དྲག་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས།གྱོད་གཞི་མེ་ལོང་དུ་འཛིན་པ་དང་།གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ།སྤྱོད་ཚུལ་བཟང་པོར་བརྟེན་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཨུའི་ཧྲུའུ་ཅི་ཕིང་ཧྲན་དང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཚོགས་འདུར་ཞུགས་པ།
ཁུལ་ཨུའི་རྒྱུན་ཨུ།ཁུལ་སྒྲིག་ཨུའི་ཧྲུའུ་ཅི་ཀྲུའུ་ཧུང་གིས་སྒྲིག་འགལ་ངང་ཆང་རག་བཏུངས་བའི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བ་རེད།
ཚོགས་འདུའི་ཐོག་ལུའོ་ཁྲའོ་ཧྥེང་གིས་“རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས”ཞེས་འགོ་བརྗོད་དུ་འཁོད་ནས་ཚང་མར་ཆེད་དོན་ཏང་གི་ཤེས་བྱ་སློབ་ཁྲིད་བྱས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ་དུས་བབ་གསར་པའི་འོག་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ཐད་གང་ཞིག་དམ་འཛིན་བྱེད་པ་དང་ཇི་ལྟར་དམ་འཛིན་བྱེད་པའི་གནད་དོན་ཐག་གཅོད་གནང་ནས་དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་།ལྟ་བ།བྱེད་ཐབས་བཅས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཏུ་དོན་འཁྱོལ་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་མོ་བླངས་ནས།དུས་རབས་གསར་པའི་ཏང་གི་རང་ཉིད་གསར་བརྗེ་བྱེད་པར་ངེས་པར་དུ་དམ་པོར་འཛིན་དགོས་པ་དང་།ངེས་པར་དུ་རྩ་བ་བརྟན་འཛུགས་དང་རྨང་གཞི་བརྟན་དུ་བཏང་ནས་ཏང་གཤིས་ཤུགས་ཆེ་རུ་གཏོང་བ་དང་།དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ།སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་ནན་པོ།ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་སྒྲུབ་པ་སོགས་ཀྱི་བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པའི་གོ་སྐབས་དང་བསྟུན་ནས།རང་ཁུལ་གྱི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ཁྲོད་གནས་པའི་གནད་དོན་མངོན་གསལ་ཅན་ལ་བསམ་ཞིབ་གཏིང་ཟབ་བྱས་ཏེ།བདེ་ཆེན་གྱི་ས་མཐོའི་དར་སྲོལ་གསར་པ་དང་སྲོལ་བཟང་དར་དུ་འཇུག་དགོས།རྗེས་ལུས་ཐེབས་འདོད་ཆེ་བ་དང་ད་ལྟའི་གནས་ཚུལ་ལ་ཡིད་ཚིམ་པའི་གནད་དོན་ལ་བསམ་ཞིབ་གཏིང་ཟབ་བྱས་ཏེ།དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བསམ་པའི་འཁྱེར་སོ་ཇི་སྲིད་བར་དུ་གནས་ཐུབ་པ་དང་།སྔོན་ཐོན་གྱི་གོ་གནས་བརྩོན་ལེན་བྱེད་ཕོད་པའི་དཔའ་ངར་ཆེར་བསྐྱེད་ཀྱིས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་འཐོབ་པར་བྱ་དགོས།ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་མི་འདང་བའི་གནད་དོན་ལ་བསམ་ཞིབ་གཏིང་ཟབ་བྱེད་པ་དང་།བྱ་བ་སྒྲུབ་ཐབས་མང་ཙམ་འཚོལ་བ།བྱ་བ་སྒྲུབ་མི་ཐུབ་པའི་རྒྱུ་མཚན་ཉུང་འཚོལ་བ་བཅས་བྱས་ཏེ།ཁྱབ་ཁོངས་ཁག་དང་ས་གནས་ཁག་གི་“མཁྲེགས་སའི་”གནད་དོན་རིམ་བཞིན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།སྒྲིག་འགལ་ངང་ཟ་འཐུང་དང་།སྒྲིག་འགལ་ངང་ཆང་འཐུང་བ།སྒྲིག་འགལ་ངང་གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་གྱི་དགའ་སྟོན་རྟེན་འབྲེལ་བཅས་ཀྱི་གནད་དོན་ལ་བསམ་ཞིབ་གཏིང་ཟབ་བྱེད་པ་དང་།“དོན་ཆུང་ཕྲན་ཚེགས་སྨྲ་བ་”དང་།“འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚུལ་སྨྲ་བ་”“ལས་རིགས་ཀྱི་དམིགས་བསལ་སྨྲ་བ་”སོགས་ཀྱི་ནོར་འཁྲུལ་གྱི་བསམ་བློ་མཐའ་གཅིག་ཏུ་དོར་ཏེ།སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་།སེམས་ལ་སྐྲག་སྣང་ཡོད་པ་དང་།གཏམ་ལ་བཀག་རྒྱ་ཡོད་པ།བྱ་སྤྱོད་ལ་བཀག་རྒྱ་ཡོད་པ་བཅས་བྱེད་དགོས།སྲིད་དོན་ལས་རྗེས་ཀྱི་ལྟ་བ་དང་དབང་ཆའི་ལྟ་བ་བརྟན་པོ་མེད་པའི་གནད་དོན་ལ་བསམ་ཞིབ་གཏིང་ཟབ་བྱེད་པ་དང་།བསྡོམས་རྩིས་ལས་ཀའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ།མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱ་རྒྱུ་མུ་མཐུད་དམ་འཛིན་ལེགས་པོ་བཅས་བྱས་ཏེ་མང་ཚོགས་ལ་ཐོབ་སྣང་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་སྔར་ལས་མང་བ་ལྡན་པར་བྱ་དགོས།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་ཆེ་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།“འགག་སྒོ་ལས་ཐར་བ་”དང་“རླུང་རྒྱག་ཐེངས་གཅིག་”གི་བསམ་བློ་གཏན་འགོག་དང་།གནད་འགག་གི་ལྷུ་ཚིགས་ལ་དམ་པོར་དམིགས་པ།མུ་མཐུད་ལས་འགན་གཙོ་བོ་དམ་འཛིན་ཡག་པོ་བཅས་བྱས་ནས།གཙོ་གནད་ལས་འགན་མུ་མཐུད་དམ་འཛིན་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གོམས་སྲོལ་ཆགས་པ་དང་།རྩ་བ་ཚུགས་པ།ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏན་ཏིག་དང་མགོ་ཡོད་མཇུག་ཡོད་ཡོང་བར་སྐུལ་འདེད་གཏོང་དགོས།
ཁུལ་ཨུའི་རྒྱུན་ཨུ།ཁུལ་དམངས་ཆེན་རྒྱུན་ཨུ། ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི།ཁུལ་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་།ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན།ཁུལ་རིམ་པའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཏང་གི་ཤེས་བྱ་སློབ་ཁྲིད་ཀྱི་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།
ཚོགས་འདུ་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)དང་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་དུ་འཚོགས་པ་རེད།