རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ7པའི་ཚེས7ཉིན་གྱི་ཕྱི་དྲོར། ཁུལ་ཨུ་སྐབས་དགུ་པའི་རྒྱུན་ཨུས་ཚོགས་འདུ་ཐེངས་131པ་འཚོགས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཨུའི་འབྲེལ་ཡོད་ལས་ཀའི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ།རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་ཡོད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ།སྤྱོད་ཚུལ་རུལ་སུངས་དང་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱ་རྒྱུ་མུ་མཐུད་ཟབ་ཏུ་གཏོང་བ།ཁྱབ་ཁོངས་གཙོ་བོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ།ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཁྱོན་ཡོངས་ནས་འགན་འཁྲིའི་འབྲེལ་ཐག་ནན་དུ་གཏོང་བ་བཅས་བྱས་ཏེ་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁོངས་སུ་བདེ་ཆེན་གྱི་འཕེལ་རྒྱས་ཀྱི་གནས་ཐིག་གཏན་ཁེལ་དང་།རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་ལ་རང་འགུལ་གྱིས་ཞབས་ཞུ་དང་འདྲེས་སུ་འཇུག་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་།གཞུང་དོན་གྲོས་བསྡུར་དང་མཐུན་སྦྱོར་སྒྲིག་གཞི་འཛུགས་པ་དང་།འགན་འཁྲི་འཁུར་བ།འཁོར་སྐྱོད་བྱེད་པ་བཅས་ཀྱི་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་ལེགས་འགྱུར་དང་འཐུས་ཚང་དུ་བཏང་ནས་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་འཕྲིན་ལན་གྱི་དགོངས་དོན་དེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་དང་།རྒྱལ་ཡོངས་ཀྱི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།གཞོན་ནུ་རྣམས་མཐུན་སྒྲིལ་དམ་ཟབ་དང་གོང་བུར་འགྲིལ་བ།གཞོན་ནུ་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་དང་བྱས་རྗེས་འཇོག་པར་སྣེ་ཁྲིད་བཅས་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་འབྲུབ་ཆུ་འགོག་པའི་ལས་དོན་གྱི་གནས་བབ་ཛ་དྲག་ཅན་ལ་ངོས་འཛིན་གང་ལེགས་དང་།གཞི་ཐིག་གི་བསམ་བློ་དང་མཐར་ཐུག་གི་བསམ་བློ་བརྟན་པོར་འཛུགས་པ།“1262”ཡི་ལམ་སྲོལ་བེད་སྤྱོད་ཡག་པོ་བཅས་བྱས་ཏེ།འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་དམ་འཛིན་དང་ཞིབ་ཚགས་བྱས་ནས་བདེ་འཇགས་ངང་འབྲུབ་ཆུ་རྒྱས་དུས་སྐྱེལ་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག《2024ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ངང་དཔྱད་ཞིབ་ཚུར་ལན་བྱ་རྒྱུའི་གནད་དོན་དག་ཐེར་ཇུས་གཞིར》གྲོས་ཞིབ་བྱས་ནས་མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་གྱི་དྲི་བར་ལན་ཡག་པོ་བརྒྱབ་སྟེ་ལས་དོན་དང་དཔྱད་ཞིབ་གཉིས་ཡར་ཐོན་ཡོང་བ་བྱེད་དགོས་པའི་ནན་གྱིས་བསྟན།
ཚོགས་འདུའི་ཐོག་ཁུལ་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལོ་སྟོད་ཀྱི་ལས་ཀའི་གནས་ཚུལ་སྙན་ཞུ་ཉན་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་།ཞབས་ཞུའི་ནུས་པ།སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ།མང་ཚོགས་ཀྱི་འཐུས་མིའི་ནུས་པ།སྤྱི་ཚོགས་སྐུལ་སློང་གི་ནུས་པ།རྒྱལ་སྤྱིའི་སྤེལ་རེས་ཀྱི་ནུས་པ་བཅས་འདོན་སྤེལ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱ་དགོས།དོན་ཆེན་བཞིར་དམིགས་ཏེ་ལས་ཀའི་འཇུག་གཞི་དང་ཤུགས་རྒྱག་ས་གནད་འཁེལ་བཙལ་ནས་བདེ་ཆེན་གྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ལྡན་པའི་ལས་ཀའི་སྤུས་རྟགས་ཁག་གཅིག་སྐྱེད་སྲིང་དང་གསར་གཏོད་བྱེད་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་།སྣེ་ཁྲིད་བྱེད་ནུས།ཞབས་འདེགས་ཞུ་ནུས།གསར་གཏོད་བྱེད་ནུས་བཅས་ཆེ་རུ་ཏན་ཏིག་བཏང་ནས་ལས་ཀའི་གསོན་ཤུགས་སྐུལ་སྤེལ་བྱ་དགོས།རིམ་པ་ཁག་དང་སྡེ་ཁག་སོ་སོས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ལས་ཀ་བྱེད་པར་མཐུན་རྐྱེན་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་གནས་ཚུལ་སྙན་སེང་གསན་ནས་ལག་བསྟར་གཏིང་ཟབ་བྱས་ཏེ“སློབ་སྦྱོང་དང་།ཞིབ་བཤེར།བཅོས་སྒྲིག”སྒྲིག་སྲོལ་བཟོ་བ།འགན་འཁྲི་ནན་སྒྲུབ་བཅས་ལ་དམ་པོར་དམིགས་ཏེ་ལྟ་སྐུལ་མཛུབ་ཁྲིད་ཏན་ཏིག་བྱས་ཏེ་ལས་ཀའི་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག《2024ལོའི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འགན་འཁྲིའི་ལམ་ལུགས་ཞིབ་བཤེར་དང་དཔྱད་ཞིབ་ཀྱི་ལྡོག་ལན་བསམ་འཆར་དག་ཐེར་བྱས་ཚུལ་གྱི་སྙན་ཞུར》གྲོས་ཞིབ་བྱས་པ་དང་།ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་འགལ་ངང་ཆང་འཐུང་གི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་།
ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།