​བདེ་ཆེན་ཁུལ་བོད་སྨན་ཁང་སེམས་ཀྱི་ཉི་ཟླ་ཤམ་བྷ་ལ་དུས་འཁོར་བློས་བསླངས་དུ་བཅའ་སྡོད་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཉེ་སྔོན།བདེ་ཆེན་ཁུལ་བོད་སྨན་ཁང་དངོས་སུ་སེམས་ཀྱི་ཉི་ཟླའི་ཤམ་བྷ་ལ་དུས་འཁོར་བློས་བསླངས་མཛེས་ལྗོངས་ཁུལ་དུ་བཅའ་སྡོད་བྱས་ནས། ས་གནས་དེ་གའི་གྲོང་མི་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་བོད་ཀྱི་གསོ་རིག་དང་བདེ་ཐང་སྐོར་གྱི་ཞབས་ཞུ་མཁོ་འདོན་བྱས་པས།“མཛེས་ལྗོངས་ཁུལ་ནས་སྨན་ཉོས་ན་བློ་བདེ་བ་དང་།སྒོ་འགྲམ་ནས་སྨན་བཅོས་བྱས་ན་སེམས་བདེ་”བའི་སྟབས་བདེ་ཉིས་བརྩེགས་མངོན་འགྱུར་བྱུང་ཡོད།