རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས4ཉིན།སེམས་ཀྱི་ཉི་ཟླའི་བེ་ཤའི་གླེང་སྟེགས་སྐབས་གསུམ་པ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ།བྱ་འགུལ་ནི་“བེ་ཤའི་ཟས་གསོ།རྒྱལ་སྤྱིར་མཉམ་གསོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་།དེའི་དམིགས་ཡུལ་ནི་ཐོན་ལས་སྦྲེལ་ཐག་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ་དང་།རིན་ཐང་སྦྲེལ་ཐག་མཐོ་རུ་གཏོང་བ།བེ་ཤའི་སྨྱན་སྦྱོར་བྱེད་པ་བཅས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་མཁོ་འདོན་བྱ་ཆེད་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་2025ལོའི་སེམས་ཀྱི་ཉི་ཟླ་བེ་ཤའི་དུས་ཚིགས་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་འབྲེལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་དང་། ཁུན་མིང་དུ་བཅའ་སྡོད་བྱས་པའི་ཚོང་དོན་པུའི་ཆེད་མངགས་པ་ཞའོ་ཧྥེང་ཧོའེ།ཡུན་ནན་ཧྲུན་ཧྥེང་མྱུར་སྐྱེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཅང་ལེ། ཀྲུང་གོ་བཟོ་ཚོང་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གི་ཧང་ཀྲང་ཐའོ་པིའོ། རྒྱལ་སྤྱིའི་ལུས་རྩལ་དཔྱང་ལོང་གི་ཨང་དང་པོ་ཐོབ་མཁན་ཝང་ཙེ་ཆང་།རྒྱལ་སྤྱིའི་ལུས་རྩལ་ཆ་གདང་གི་ཨང་དང་པོ་ཐོབ་མཁན་ཧོང་ཙེ་ནན།རྒྱལ་ཡོངས་གཟུགས་མཛེས་ལུས་རྩལ་གྱི་ཨང་དང་པོ་ཐོབ་མཁན་ཐེན་ཁུན་བཅས་དང་མཉམ་དུ་2025ལོའི་སེམས་ཀྱི་ཉི་ཟླའི་བེ་ཤའི་དུས་ཚིགས་འགོ་ཚུགས་མཛད་སྒོར་འཛུགས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བྱ་འགུལ་དུ་ཞུགས།
ཀྲང་ཝེ་ཏུང་གིས་ཤིས་ཚིག་སྒྲོན་སྐབས།ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས“བེ་ཤ་ནས་འགོ་བརྩམས་པ་དང་། བེ་ཤ་ལས་མི་ཚད་པ”མུ་མཐུད་ཟབ་སྤེལ་བྱས་ཏེ།སེམས་ཀྱི་ཉི་ཟླའི་བེ་ཤའི་སྤུས་རྟགས་དང་།ཚད་གཞི།བྲོ་བ་འཚོལ་རྒྱུ་བཅས་བརྗོད་བྱ་གཙོ་བོར་བྱས་པའི་བྱ་འགུལ་རབ་དང་རིམ་པ་སྔ་རྗེས་སུ་སྤེལ་བ་དང་།སེམས་ཀྱི་ཉི་ཟླར་སླེབས་ནས་མི་རིགས་ཀྱི་སྐྱེ་ཁམས་བཟའ་བཏུང་གི་བྲོ་བ་མྱོང་བ་དང་།མེ་ཏོག་དང་འདབ་ཆགས་ལ་གཟིགས་པ། རི་ལ་འཛེག་པ།རང་བྱུང་ཁམས་དང་བར་ཐག་གཏན་ནས་མི་ཆོད་པ་བཅས་རིམ་བཞིན་ད་ཆའི་དར་སྲོལ་དུ་གྱུར་ཡོད།2023ལོ་དང་2024ལོར་སེམས་ཀྱི་ཉི་ཟླའི་བེ་ཤ་ནི་ལོ་གཉིས་བསྟུད་མར་ཀྲུང་གོའི་བཟའ་བྱའི་ཤ་མོ་བེ་ཤའི་རིགས་ཀྱི་ས་ཁོངས་སྤུས་རྟགས་ཀྱི་ཨང་དང་པོར་སླེབས་ཡོད།འགོ་ཁྲིད་རྣམ་པ་དང་སྐུ་མགྲོན་རྣམ་པས་མཉམ་དུ་“ཤ་མོའི་རྒྱལ་པོ”སླར་ཡང་བཞད་པར་བདེན་དཔང་བྱེད་ནས།འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཡིས་“བེ་ཤ”ལ་འགྲེལ་བཤད་ཕུན་སུམ་ཚོགས་པོ་ཞིག་རྒྱག་རྒྱུ་ཡིན་ཞེས་བསྟན་པ།
ཅང་ལེ་ཡིས་ཧྲུན་ཧྥེང་གིས་“གོ་ཆོད་ཡུན་ཚད་མགྱོགས་སུ་གཏོང་བ་དང་།ཐོན་རྫས་རིམ་སྤོར་བྱེད་པ།རིག་གནས་ཡུལ་སྐོར་ཁྱབ་གདལ”བཅས་ཕྱོགས་གསུམ་ནས་སེམས་ཀྱི་ཉི་ཟླའི་བེ་ཤའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱ་རྒྱུ། འབུར་གཟུགས་ཅན་དང་ནུས་ཆེའི་སྐྱེལ་འདྲེན་དྲ་བ་བཙུགས་ནས།བེ་ཤའི་རྒྱལ་ཡོངས་ལ་ཐོན་པར་ཁག་ཐེག་བྱེད་པ་དང་།ཡུལ་དངོས་ཡོངས་དང་།ཐབས་ལམ་ཡོངས།སྦྲེལ་ལམ་ཡོངས་བཅས་ཀྱི་གཏན་འབེབས་ཅན་གྱི་ཞབས་ཞུའི་འཆར་གཞི་བཏོན་ནས།གོམ་གང་མདུན་སྤོས་ཀྱིས་མཐའ་མའི་འཛད་སྤྱོད་ཕྱོགས་བསྡུས་ཤེས་ཚོར་ཇེ་དྲག་དང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་“མིང་ལ་ཡུན་ནན་གྱི་འཚོ་བ་ཟེར་བའི་”སྤུས་རྟགས་འཐབ་ཇུས་དང་ལེན་ཧུར་ཐག་བྱས་ཏེ། བེ་ཤའི་ཐུམ་སྒྲིལ་གསར་གཏོད་དང་རིམ་སྤོར་བྱེད་པ་དང་།འཛད་སྤྱོད་པར་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་དང་རིག་གནས་ཀྱི་ནང་དོན་ཟབ་མོ་ཚོར་དུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།
གླེང་སྟེགས་སྟེང་རྒྱལ་ཁབ་ཕྱི་ནང་གི་བཟའ་བྱའི་ཤ་མོ་ལས་རིགས་གྲགས་ཅན་གྱི་རིགས་གཅིག་མཁས་ཅན་གྱིས་སེམས་ཀྱི་ཉི་ཟླའི་བེ་ཤའི་ཐོན་ལས་ཀྱི་རིན་ཐང་མཐོ་རུ་གཏོང་བ་དང་སྤུས་རྟགས་ཀྱི་གནས་བབ་གཏོད་རྒྱུར་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ་བེ་ཤའི་ཐོན་ལས་དང་ཐོན་ལས་མང་བའི་དབར་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་གཏོད་པ་རེད།རང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་སེམས་ཀྱི་ཉི་ཟླའི་བེ་ཤའི་ཐོན་ལས་ཚོང་འགུགས་འཆར་གཞི་དང་།གསོ་སྐྱོང་ལ་བརྟེན་ནས་གསོ་སྤེལ་ལ་སྐུལ་འདེད།བེ་ཤའི་ཞིམ་ཟས་ཐོན་རྫས།དངུལ་རྩའི་ཞབས་ཞུའི་བེ་ཤའི་ཐོན་ལས་འཕེལ་རྒྱས་བཅས་ལ་དམིགས་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད།ཀྲུང་གོ་བཟོ་ཚོང་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་དངུལ་རྩའི་ཞབས་ཞུའི་བེ་ཤའི་ཐོན་ལས་འགྲེལ་བཤད་བརྒྱབ་ནས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་བར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ལ་སྐུལ་འདེད་བཏང་བ་རེད།
བྱ་འགུལ་ཁྲོད།བདེ་ཆེན་ཁུལ་ནི“ཡུན་ནན་ཞིང་ཆེན་གྱི་བེ་ཤའི་གསོ་སྤེལ་སྐུལ་འདེད་དཔེ་སྟོན་རྟེན་གཞི”དང་།“ཡུན་ནན་བེ་ཤའི་ཉོ་ཚོང་གཅིག་སྡུད་ཁ་ཐོར་རྟེན་གཞི”“བདེ་ཆེན་སེམས་ཀྱི་ཉི་ཟླ།འཛམ་གླིང་བེ་ཤའི་ཐོན་ཁུལ་རྩེ་གྲ་གཙོ་བོ”བཅས་སུ་ངོས་འཛིན་བྱས་པ་རེད།ཝང་ཙེ་ཆང་དང་ཧོང་ཙེ་ནན།ཐེན་ཁུན་གསུམ་ལ་2025ལོའི“སེམས་ཀྱི་ཉི་ཟླའི་བེ་ཤའི་དྲིལ་བསྒྲགས་ཕོ་ཉའི”གཟི་བརྗིད་ལག་ཁྱེར་སྤྲད་པ་རེད།སེམས་ཀྱི་ཉི་ཟླའི་བེ་ཤའི་ཐོན་ལས་འཕེལ་རྒྱས་འཐབ་ཇུས་ཀྱི་གྲོས་མཐུན་དང་།སེམས་ཀྱི་ཉི་ཟླའི་བེ་ཤའི་ཕྱི་ཕྱོགས་ཚོང་དོན་ཕྱིར་ཚོང་གྲོས་མཐུན།ཧྲུན་ཧྥེང་ཟོག་འདྲེན་འཕྲུལ་འཁོར་ཐོན་ཁུངས་མཉམ་ལས་གྲོས་མཐུན།བཟོ་ཚོང་དངུལ་ཁང་གི་མ་དངུལ་བསྡུ་སྒྲིལ་གྱི་འདོད་མཐུན་མཉམ་ལས་གྲོས་མཐུན་བཅས་བཞག་པ་རེད།
བྱ་འགུལ་སྟེང་ད་དུང་ཧྲུན་ཧྥེང་2025ལོར་བེ་ཤའི་སྦྲག་བསྐུར་ཐག་གཅོད་ཇུས་གཞི་དང་དེབ་གསར་《སེམས་ཀྱི་ཉི་ཟླའི་སྦས་ཡུལ་གྱི་ཤ་མོ་》ཁྱབ་བསྒྲགས་བྱས་པ་རེད།
རང་ཁུལ་དང་ཞིང་ཆེན་ཚོང་དོན་ཐིང་དང་། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་།ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་།ཞིང་ཆེན་མཁོ་སྤྲོད་མཉམ་ལས་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད།འབྲེལ་ཡོད་ཁེ་ལས་དང་སྐུ་མགྲོན།མི་དམངས་ཉིན་རེའི་ཚགས་པར།ཤིན་ཧྭ་གསར་འགྱུར་ཁང་།ཀྲུང་དབྱང་མི་དམངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།ཡུན་ནན་ཉིན་རེའི་ཚགས་པར།ཡུན་ནན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་10ལྷག་ཙམ་གདན་ཞུས་ལྟར་བྱ་འགུལ་དུ་ཞུགས་པ་རེད།