རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན། ཁུལ་ཨུའི་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་(རྒྱས་འཛོམས་)འཚོགས་ནས།ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་དང་།ཀྲུང་དབྱང་མཐའ་འཁོར་གྱི་ལས་ཀའི་གྲོས་ཚོགས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་།བབ་བསྟུན་མདུན་སྐྱོད་དང་བབ་བསྟུན་ལས་སྒྲུབ་བྱེད་དགོས་པ་དང་།རང་འགུལ་ངང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཕྱོགས་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ལ་ཇུས་འགོད་བྱས་ཏེ།ཁུལ་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཨུའི་ཧྲུའུ་ཅི།ཁུལ་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་ཨུའི་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕེང་ཧྲན་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ།ཁུལ་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གྱི་གནས་ཚུལ་སྙན་སེང་ལ་གསན་པ་རེད།
གྲོས་ཚོགས་ཐོག་བསྟན་དོན།ཁུལ་ཨུའི་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་སྟོན་དུ་བཟུང་ནས།ཏང་ཀྲུང་དབྱང་གི་ཕྱི་འབྲེལ་ལས་དོན་གྱི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་།ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ།བདེ་ཆེན་གྱི་གཏམ་རྒྱུད་མུ་མཐུད་ཡག་པོ་ཤོད་པ།ཁུལ་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ།བདེ་ཆེན་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཕྱི་འབྲེལ་ལས་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན།ཕྱི་འབྲེལ་ལས་དོན་གྱི་གནས་བབ་ངོས་འཛིན་གསལ་པོ་དང་།རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་དེའི་ནང་ཞུགས་པ།འགྱུར་བ་གང་ལ་ཅི་འོས་གཏོང་བ།ཉེན་ཁའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་བ།ཕྱི་ནང་གཅིག་གྱུར་འཆར་འགོད་དང་ཕྱོགས་གཉིས་ལ་སྒོ་མོ་འབྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།རང་འགུལ་ངང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཕྱོགས་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ལ་ཇུས་འགོད་བྱེད་པ་དང་།རྒྱལ་སྤྱིའི་ཐོག་བརྒྱུད་སྤེལ་ནུས་པ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ།བདེ་ཆེན་གྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བ།དམངས་སེམས་གཅིག་མཐུན་མུ་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བརྟན་ལྷིང་འཆམ་མཐུན་དང་ཁོང་ཡངས་སྒོ་དབྱེའི་བདེ་ཆེན་གྱི་མཛེས་སྡུག་མངོན་ཐུབ་པ་བྱེད་དགོས།
གྲོས་ཚོགས་ཐོག་བླང་བྱ་བཏོན་དོན།ཏང་གི་ཕྱི་འབྲེལ་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ།ཏང་ཀྲུང་དབྱང་གི་ཕྱི་འབྲེལ་ལས་དོན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས།ནུས་ཤུགས་ཡོད་རྒུས“མཐའ་འཁོར་ཆེ་མོའི་མཉམ་ལས”ཀྱི་ལས་ཀའི་རྣམ་པ་གཏོད་དགོས།ཏང་གིས་ཕྱི་འབྲེལ་ལས་དོན་ལ་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཕྱི་འབྲེལ་ལས་དོན་གྱི་ཤུགས་རྒྱག་ས་ཡང་དག་འཚོལ་བ།བྱས་རྗེས་འཇོག་པ་དང་རང་འགན་གཙང་སྒྲུབ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་དང་ཞིང་ཆེན་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་མཉམ་འདྲེས་ཡོང་བ་བྱས་ཏེ།བདེ་ཆེན་གྱི་ཕྱི་འབྲེལ་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད་གྲོས་ཚོགས་སུ་ཞུགས།ཁུལ་ཨུའི་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཨུ་ཡོན།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།