རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་7པའི་ཚེས་3ཉིན་གྱི་དགོང་མོར། བདེ་ཆེན་ཡན་ལག་དམག་ཁུལ་ཁང་དང་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་མཉམ་འབྲེལ་ཐོག་གཉེར་བའི“ཡིད་ལ་མེས་རྒྱལ་འཆང་བའི་སེམས་པ་ཏང་ལ་གཏོད། རྒྱལ་སྲུང་ཐད་ཁྱེད་དང་ངེད་གཉིས་དང་འབྲེལ་ཡོད”ཅེས་པའི་བདེ་ཆེན་ཁུལ་རྒྱལ་སྲུང་སློབ་གསོའི་དགོང་ཚོགས་དེ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་དུ་སྤེལ་བ།
ཁུལ་ཨུའི་ཧྲུའུ་ཅི་དང་། བདེ་ཆེན་ཡན་ལག་དམག་ཁུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་པོ་ལུའོ་ཁྲའོ་ཧྥེང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན། ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཝེ་ཏུང་བཅས་བྱེད་སྒོར་ཞུགས།
དགོང་ཚོགས་དེར“བློ་སྦྱོང་——གཙོ་འཛིན་གྱི་མངག་བཅོལ”དང་། “རྒྱུན་འཛིན་——དམག་གོས་ཕུད་དེ་སྙིང་སྟོབས་མི་བསྒྱུར།”“དད་མོས་——སེམས་ཤུགས་ཆེ་བའི་ལང་ཚོས་རི་ཀླུང་སྲུང་སྐྱོབ་བྱེད་”ཅེས་པའི་ལེའུ་གསུམ་དབྱེ་ཡོད། རྒྱལ་སྲུང་སློབ་གསོའི་དྲིལ་བསྒྲགས་གློག་བརྙན་བསྟན་པ་དང་བསྟུན་ནས་དགོང་ཚོགས་དངོས་སུ་འགོ་ཚུགས་པ། གཞི་རིམ་དྲག་ཆས་པུའུ་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན། དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་བཅས་ཀྱིས་དཔའ་བོའི་ཡུལ་དམག་གི་གཏམ་རྒྱུད་དང་། དམག་ཞབས་དང་ལས་སྒྱུར་ལོ་རྒྱུས། དམག་དཔུང་གི་གཏམ་རྒྱུད་བཅས་སྔ་རྗེས་སུ་བརྗོད་པ་དང་། ཟོལ་མེད་ཀྱི་བརྩེ་དུང་དང་བབ་ཆགས་པའི་སྐད་ཆའི་ཐོག་ནས་རྒྱལ་སྲུང་འགན་འཁྲི་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་དམར་རྗེན་དུ་མངོན་པ་དང་ལྟད་མོ་བའི་དགའ་བསུ་ཐོབ་ཡོད།《བཅིངས་འགྲོལ་དམག་མི་ཕེབས་བྱུང་》སོགས་གླུ་དབྱངས་དང་《རི་གླུ་ཞིག་བླངས་ནས་ཏང་ལ་འཕུལ་》སོགས་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་ནས་མི་དམངས་བུ་སྤུན་དམག་གི་དམག་སྐྱོང་སྒྲིག་ལམ་ནན་པོ་དང་སྟོབས་ཆེར་ཕྱིན་པའི་བསམ་པའི་ཉམས་འགྱུར་མངོན་པ་དང་བདེ་ཆེན་གྱི་དམག་དམངས་དབར་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་མོ་ལྡན་པའི་དུས་རབས་ཀྱི་ལེའུ་གསར་པ་བརྩམས་པས་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད། དགོང་ཚོགས་དེ་《དམག་དཔུང་སྟོབས་ཆེར་གཏོང་བའི་དམག་གླུ་》དང་མི་སྣ་ཡོངས་ཀྱིས་《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་》ཅེས་པའི་གླུ་གཞས་མཉམ་གཏོང་ཁྲོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།
ས་གནས་ས་ཐོག་གི་ལྟད་མོ་བས་དགོང་ཚོགས་ལ་བལྟས་པ་བརྒྱུད། རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་དེ་དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་དང་བྲལ་ཐབས་མེད་པ་ངོས་འཛིན་གཏིང་ཟབ་ཐུབ་ཡོད་པ་དང་། ཚང་མས་རྒྱལ་སྲུང་གི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་སྲུང་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་དགོས་ཞེས་བཤད་བྱུང་།
དགོང་ཚོགས་ཧྲིལ་པོའི་ནང་ཞབས་བྲོ་དང་། འཁྲབ་སྟོན། གྱེར་འདོན། ཟློས་གར། ཡུལ་རྣམ་ཟློས་གར་སོགས་འཁྲབ་སྟོན་གྱི་རྣམ་པ་སྣ་མང་ཚུད་པ་དང་། འཁྲབ་སྟོན་པས་ཟོལ་མེད་ཀྱི་བརྩེ་དུང་དང་སྤྲོ་སེམས་ཀྱིས་ཁེངས་ཤིང་གསོན་ཉམས་དོད་པའི་སྒོ་ནས་དམག་གིས་དམངས་ལ་ཞེན། དམངས་ཀྱིས་དམག་ལ་བཀུར། དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད་ལ། ས་གནས་ས་ཐོག་གི་ལྟད་མོ་བར་ངོ་མཚར་ཆེ་བའི་ལྟ་ཉན་གྱི་སྟོན་མོ་ཞིག་བཤམས་པ་དང་དུས་མཚུངས་སུ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གསོན་ཉམས་དོད་པའི་རྒྱལ་སྲུང་སློབ་གསོའི་སློབ་ཚན་ཞིག་འཚོགས་ནས་རྒྱལ་སྲུང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་དང་། ཁྱིམ་ཞེན་རྒྱལ་གཅེས་ཤུགས་ཆེར་གཏོང་ཞིང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་དང་རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་རམ་འདེགས་བྱས་ཡོད།
འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད་དང་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི། དགེ་སློབ་ཀྱི་འཐུས་མི་བཅས་ཞུགས་ཡོད།