རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-01   རྩོམ་ཁུངས།    སེམས་ཀྱི་ཉིི་ཟླ་བོད་ཡིག་དྲ་བ།
ཟླ་6པའི་ཚེས་30ཉིན་གྱི་དགོང་མོ། “སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་ཕྱོགས”བདེ་ཆེན་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི“བདུན་གཅིག་”ཀུན་འདུས་སྨྱན་སྦྱོར་གྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སེམས་ཀྱི་ཉི་ཟླ་ཟློས་གར་ཁང་དུ་སྤེལ་བ།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝེ་ཏུང་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོར་ཞུགས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་འཚོ་བ་སྐྱེལ་བཞིན་པའི་ཏང་ཡོན་རྒན་གྲས་ལ“ཏང་ནང་ཞུགས་པའི་ལོ་50ཟིན་པའི”དྲན་གསོའི་རྟགས་མ་སྤྲད་པ།
བྱེད་སྒོ་དེ་“གྲོས་དོན་དང་པོའི་”ཁྲོད་སྤེལ་འགོ་ཚུགས་པ་དང་ཏང་ཡོན་ཚང་མས་ཐུན་མོང་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས། དེའི་རྗེས་སུ། ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་དང་། འཐབ་ཇུས་མཉམ་འདྲེས་ཀྱི་ལེའུ། སྐྱེ་ཁམས་དཔལ་ཡོན་གྱི་ལེའུ། མི་རིགས་མཐུན་སྒྲིལ་གྱི་ལེའུ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལེའུ་བཅས་ལེའུ་ཁག་ལྔ་བརྒྱུད་དེ། བརྙན་ཐུང་གཏོང་བ་དང་། གསར་བརྗེའི་གླུ་གཞས་ལེན་པ། གནས་ཚུལ་འཁྲབ་སྟོན་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་བདེ་ཆེན་ཁུལ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་རིམ་སྤོར། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཙོ་གནད་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་རྨང་གཞིར་བྱས་ཏེ། སྤྱོད་གཙང་ཡུན་ནན་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ནང་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པའི་གསོན་ཉམས་དོད་པའི་ལག་ལེན་བརྗོད་ཡོད།
ཤེས་གསལ་བྱུང་དོན། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་བྱེད་པ་དང་། ཆབ་སྲིད་འཛུགས་སྐྱོང་དེ་འགོ་གཙོར་བྱེད་པ། “བློ་སྦྱོང་”ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། “རྨང་བརྟན་”ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་དུ་ཕྱོགས”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་པས། ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་ཕྱིན། རང་ཁུལ་གྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་ལས་ཀའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ལོ་4བསྟུད་མར་“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ+”བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱས་པ་དང་། “ཏང་གི་ཁྱད་ཆོས+སྒྲོག་འགྲེལ”མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་དེ་མང་ཚོགས་དང་འབྲེལ་འདྲིས། དྲོ་སྐྱིད་ཆེ་རུ་འགྲོ་བར་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཡོད།
ཐོན་ལས་དར་རྒྱས་དང་མི་རིགས་མཐུན་སྒྲིལ་མཚོན་པའི་བརྙན་ལམ་ནས་ང་ལ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་འོག་བདེ་ཆེན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་མྱོང་ཚོར་ཟབ་མོ་བྱུང་བ་དང་། དེ་སྔོན་གྱི་གཞན་དབང་དུ་གྱུར་ནས་ད་ལྟའི་རང་འགུལ་ངང་ལྟ་བ་དང་། མཉམ་དུ་ལེན་པ། གོ་རྟོགས་སད་པར་བྱེད་པ་བཅས་ཀྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་དེས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གསོན་ཤུགས་ལྡན་དུ་བཅུག་ཡོད་ཅེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་ལུའོ་ཀྲི་ཀའོ་ཡིས་འདི་འདྲ་བཤད་བྱུང་།
ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཀྲི་པུའུ་ཁག་དང་ལས་འཁྱུར་ངལ་གསོ་ཀྲི་པུའི་ཏང་ཡོན་གྱི་འཐུས་མི་400ཙམ་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོར་ཞུགས་པ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱིས་དྲ་ཐོག་ཀུན་འདུས་སྨྱན་སྦྱོར་གྱི་ཏང་གི་གཙོ་དོན་ཉིན་མོའི་ཐད་གཏོང་ལ་བལྟས་ཡོད།