རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་རྐང་རྩེད་སྤོ་ལོ་དང་།ལན་ཆིའུ་སྤོ་ལོ།ཆི་ཕའེ་ཆིའུ་སྤོ་ལོ།ཕིང་ཕང་སྤོ་ལོ།བྱ་སྒྲོ་སྤོ་ལོ་བཅས་རྣམ་གྲངས་ཆེ་གྲས་5དང་རྣམ་གྲངས་ཆུང་གྲས་9བཀོད་སྒྲིག་བྱས་པ་དང་།ཁུལ་ཡོངས་ཀྱི་རིམ་ཁག་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་བཟོ་ཚང་མས་མིང་ཐོ་བཀོད་ནས་ཞུགས་ཆོག་པ་དང་།སྔོན་དཔག་ལྟར་ན་འགྲན་ཞུགས་ལས་བཟོ་1800ལྷག་ཙམ་ཟིན་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།འདི་ནི་རང་ཁུལ་གྱི་2015ལོའི་སྐབས་བརྒྱད་པའི་ཁུལ་ལུས་རྩལ་འགྲན་ཚོགས་དང་2018ལོའི“ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ།སེམས་ཀྱི་ཉི་ཟླའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར”བྱས་རྗེས་གཉེར་བའི་སྤོ་ལོའི་རིགས་ཀྱི་འགྲན་བསྡུར་ཆེ་གྲས་ཤིག་རེད། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལས་བཟོའི་ལུས་རྩལ་འགྲན་ཚོགས་གཉེར་བའི་དམིགས་ཡུལ་ནི་ལས་བཟོའི་གཟུགས་གཞི་བདེ་ཐང་དུ་གཏོང་བ་དང་།སྤེལ་རེས་ལ་སྐུལ་འདེད་གཏོང་བ།མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་མངོན་པར་བྱེད་པ།བདེ་ཐང་བདེ་ཆེན་དང་ས་མཐོའི་ལུས་རྩལ་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དེ་རེད། མིག་སྔར། གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་།གཞི་རིམ་བཟོ་ཚོགས་ཁག་གིས་འགྲན་ཞུགས་དཔུང་ཁག་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྦྱོང་བརྡར་བྱེད་བཞིན་ཡོད།