རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་6པའི་ཚེས་23ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་དགུ་པ་དང་ཀྲུང་གོའི་ཁུན་མིང་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་29པའི་ཐོག་བདེ་ཆེན་རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་བྱེད་སྒོ་གཉེར་བ་རེད།ཐེངས་འདིའི་འོས་སྦྱོར་ནི་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་བརྙན་ལམ་འགྲེམས་སྟོན་དང་།གླུ་གར་འཁྲབ་སྟོན།བརྗོད་དོན་གཙོ་བོའི་འོས་སྦྱོར་སོགས་ཀྱི་རྣམ་པ་བརྒྱུད་གོ་ལ་ཧྲིལ་པོའི་ཡུལ་སྐོར་བར་ལྷག་བསམ་རྣམ་དག་ངང་འཛམ་གླིང་གི“སེམས་ཀྱི་ཉི་ཟླར”གདན་ཞུ་བྱས་ཏེ་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”དང་གངས་ལྗོངས་ཀྱི་སྦས་ལུང་མཛེས་ལྗོངས་དང་དལ་སྡོད་འཚོ་བའི་མཛེས་ལྗོངས་མྱོང་རོལ་བྱས་པ་རེད།