སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་དུ་དཔལ་ཡོན་གྱི་མེ་ཏོག་རྣམ་པར་རྒྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་ནི་རྡོ་མཁར་རྫོང་གི་ལྟེ་བའི་ཁུལ་དུ་ཆགས་ཡོད་པ་དང་། དེ་སྔའི་ཇ་རྟའི་གནའ་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་པའི་ངོས་ནས།གནའ་ནས་ད་བར་བོད་རིགས་དང་།འཇང་རིགས།དབྱིས་རིགས།ལི་སུའུ་རིགས་སོགས་མི་རིགས་མང་པོའི་འདུས་སྡོད་ཁུལ་ཞིག་རེད།ད་ལྟ།དུད་ཚང་988དང་རྒྱུན་སྡོད་གྲོང་མི་2422དང་བྱེས་འགྲོའི་མི་གྲངས་2432ཡོད། དེ་གར་བདེ་སྡོད་ལས་བརྩོན་དང་མི་རིགས་མང་བའི་ཁྱིམ་ཚང་འདིར་“ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་།ང་ཡི་ཁྲོད་དུ་ཁྱོད་ཡོད་པའི་”བརྩེ་དུང་ཟབ་མོ་ཆགས་ཡོད།

    སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་སྐབས། “ཏང་ཡོན་གདོང་ལེན་ལས་གནས་”ཀྱི་ངོ་རྟགས་བཀྲག་མདངས་འཚེར་བ་དང་གྲོང་མི་ཚོས་གོ་རིམ་ལྡན་པའི་ངང་ལས་སྒོ་གཉེར་བཞིན་ཡོད།སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཝང་ཡོན་གྱིས་གནའ་གྲོང་གི་འགྲིམ་འགྲུལ་ལེགས་སྒྱུར་འགག་སྒྲོལ་དུས་སུ།ཏང་ཡོན་རྣམས་ཀྱིས་ཉིན་དཀར་ཚོང་དུད་ལ་དངོས་ཟོག་སྐྱེལ་རོགས་བྱས་པ་དང་།མཚན་མོར་དུད་ཚང་རེ་རེ་བཞིན་དུ་འགྲིམ་འགྲུལ་ལེགས་སྒྱུར་གྱི་དགེ་སྐྱོན་ལ་དབྱེ་ཞིབ་བྱས་ཤིང་།མི་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཟིན་བྲིས་སུ་ཞིབ་མོར་བཀོད་ཡོད།གུང་གསེང་གི་སྐབས་སུ་མི་ཚོགས་མང་བའི་དུས་ཏང་ཡོན་66གིས་སྣེ་ཁྲིད་དེ་ཁྲོམ་གཞུང་དུ་འགྲིམ་འགྲུལ་ཁྲིད་སྟོན་བྱེད་ཀྱི་ཡོད།ད་ཆ་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་རེར་ཆ་སྙོམས་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་500ལྷག་ཙམ་སྤེལ་ནས་མི་ཁྲི་ཡན་ལ་ཞབས་འདེགས་ཞུ་གི་ཡོད་ཅེས་བཤད་བྱུང་།

    ཉེ་བའི་ལོ་ཤས་རིང་།རྒྱ་ལམ་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་གཡུལ་ས་འཛུགས་སྐྱོང་བྱ་རྒྱུ་ལྟེ་བར་བཟུང་ནས་སློབ་སྦྱོང་སློབ་གསོ་དང་།རྩ་འཛུགས་འཚོ་བ།དང་བླངས་ཞབས་ཞུ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཚད་ལྡན་ཅན་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་བསྐྲུན་ཡོད། ལྟེ་གནས་སུ་རིག་གནས་བྱེད་སྒོ་ཁང་དང་ལུས་རྩལ་ལུས་སྦྱོང་ཁང་། བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྒོ་རྒྱུན་གཏན་ཅན་དུ་སྤེལ་བ་དང་།དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི་ལྷག་ཙམ་གསར་བརྗེའི་རིག་གནས་བརྒྱུད་སྤེལ་གྱི་མཐོ་ས་ཞིག་ཏུ་གྱུར་ཡོད།  དུས་མཚུངས་སུ། སྡེ་ཁུལ་གྱིས་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་དཔེ་སྟོན་ལས་གནས་བཙུགས་ཏེ་“ཐོབ་ཐང་གསལ་སྟོན་དང་།གཟུགས་བརྙན་གཏོད་པ།མིག་དཔེ་སྟོན་པ་”བཅས་ཀྱི་བྱེད་སྒོ་སྤེལ་ཡོད། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཤེས་དཔལ་སྲོལ་གཏོད་ནང་ཞུགས་པ་དང་།ཁོར་ཡུག་བཅོས་སྒྲིག་དང་ཤེས་དཔལ་ཁ་ཏ་སློབ་སྟོན་སོགས་ཀྱི་ལས་དོན་ཁྲོད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ“ཏང་ཡོན་གྱིས་སྣེ་ཁྲིད་དང་མང་ཚོགས་ཞུགས་པའི”ཤེས་དཔལ་སྲོལ་གཏོད་ཀྱི་རྣམ་པ་ཞིག་ཆགས་པ་བྱས་ནས་ཤེས་དཔལ་ཚན་པའི་གསར་གཏོད་ཀྱི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

    རྒྱ་ལམ་སྡེ་ཁུལ་གྱིས་སྡོད་དམངས་ཀྱི་བསམ་པའི་དགོས་མཁོར་དམིགས་ནས་སྣ་མང་ཅན་གྱི་རིག་གནས་བྱེད་སྒོ་སྤེལ་ཡོད།སྡེ་ཁུལ་རིག་གནས་བྱེད་སྒོའི་ལྟེ་གནས་སུ་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ལྟེ་གནས་དང་།ཞབས་བྲོ་ཁང་།ཡིག་གཟུགས་རི་མོའི་ཁང་།བྱེད་ནུས་མང་བའི་ཐིང་བཅས་ཚུད་ཡོད་པ་དང་།གཞོན་ནུ་མཚན་མོའི་སློབ་གྲྭ་སོགས་ཁྱད་ལྡན་རྣམ་གྲངས་བཀོད་སྒྲིག་བྱས་ཡོད།རྒན་རྒོན་ཚོགས་སྤྱིས་60%ལྷག་ཙམ་བཟུང་ཡོད།

    ཝང་ཡོན་གྱིས་ཡུན་ནན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་ཁུལ་ཡིན་པའི་ཆ་ནས།རྒྱ་ལམ་སྡེ་ཁུལ་གྱིས་“ཞི་མཐུན་རྒྱ་ལམ་”གྱི་མི་རིགས་མཐུན་སྒྲིལ་འགྲེམ་སྟོན་ཁང་དང་།“རྒྱལ་ཐང་སྐོར་བྲོ”བརྒྱུད་སྤེལ་ལྟེ་གནས་སོགས་ཁྱད་ལྡན་གཡུལ་ས་བཏོད་པ་དང་། གྲུབ་འབྲས་འགྲེམས་སྟོན་དང་ཡིག་གཟུགས་དང་རི་མོའི་པར་རིས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་བརྒྱུད་དེ།ཁོངས་གཏོགས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ཡོད།དེང་སྐབས།མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་།མཉམ་དུ་གླུ་གར་ལ་རོལ་རྒྱུ་དེ་སྲོལ་བཟང་དུ་གྱུར་ཅིང་།75%ཡན་གྱི་མི་རིགས་མང་བའི་ཁྱིམ་ཚང་གིས་ལྟ་རེས་སྐྱོང་རེས་དང་རོགས་རམ་བྱེད་པའི་བརྩེ་དུང་ཟབ་མོ་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    དམངས་ཕན་ཞབས་ཞུའི་ཚོམས་ཆེན་ནང་བོད་རིགས་ཨ་མས་སྤྱི་ཚོགས་འགན་བཅོལ་གྱི་སྐར་ཁུང་དུ་ལས་སྒོ་གཉེར་ནས་སྐར་མ་བཅུ་ཡང་མ་སོང་བར་བློ་ཡིད་ཚིམ་པོས་ཕྱིར་ལོག་པ་རེད།ཞབས་ཞུའི་ཚོམས་ཆེན་གྱིས་དམངས་སྲིད་དང་སྤྱི་ཚོགས་འགན་བཅོལ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་དོན་ཚན་བསྡུ་སྒྲིལ་བྱས་པ་མ་ཟད།ད་དུང“འདུ་གནས་ཆུང་ངུ་དགུ”(ཚོང་ཁང་ཆུང་ངུ་དང་།ཟ་ཁང་ཆུང་གྲས།མགྲོན་ཁང་ཆུང་གྲས།མཛེས་བཟོ་ཁྲུས་ཁང་ཆུང་གྲས།ཐོན་སྐྱེད་ལས་སྣོན་ཁེ་ལས་ཆུང་གྲས)དང་ཡུལ་སྐོར་བའི་ཞབས་ཞུའི་སྐར་ཁུང་བཙུགས་པ་དང་། ལུའེ་ཧྥུང་གི་དང་བླངས་ཞབས་ཞུའི་ས་ཚིགས་དང་མཉམ་འབྲེལ་ཐོག་བཙུགས་ཏེ་གྲོང་མི་ཡུལ་སྐོར་བར“གཅིག་འཐུས་རྣམ་པའི”སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།ཝང་ཡོན་གྱིས་འགྲམ་གྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་དང་བྱིས་པའི་ཁྱིམ་ཚང་གིས་རྒན་རྒོན་དང་བྱིས་པའི་ཚོགས་པར་ཉིན་མོའི་ལྟ་རྟོག་དང་རོལ་རྩེད་བྱེད་སྒོ་མཁོ་འདོན་བྱས་ཏེ་ལོ་ཧྲིལ་པོར་སེམས་ཁུར་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས་ཡོད་ཅེས་བཤད་བྱུང་།

“ཞི་མཐུན་རོགས་རེས་ཚོགས་པའི”ཚོགས་མི་ཆིག་སྟོང་ལྷག་ཙམ་ནི་སྡེ་ཁུལ་ཤེས་དཔལ་གྱི་སྟོབས་ཤུགས་གསར་པ་ཡིན་པ།སྡེ་ཁུལ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་དྲ་མིག་60དབྱེ་ཡོད་པ་དང་།ཆེད་གཉེར་དྲ་མིག་མི་སྣ་60གཅིག་གྱུར་བཀོད་སྒྲིག་བྱས་ཏེ་མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་དང་།འགལ་བ་སེལ་བ།ཁོར་ཡུག་ལྟ་སྐུལ་སོགས་ཀྱི་ལས་དོན་ནང་ཁྱོན་ཡོངས་ནས་ཞུགས་ཡོད།དྲ་རྒྱའི་གཞུང་དོན་གྲོས་ཚོགས་དང་།ར་སྐོར་གྲོས་ཚོགས་སོགས་ཀྱི་རྣམ་པ་བརྒྱུད་དེ་དམངས་ཀྱི་འདོད་བློ་རྒྱ་ཁྱབ་ཏུ་བསྡུ་རུབ་དང་།སྡེ་ཁུལ་དུ་བཅའ་སྡོད་བྱེད་པའི་སྡེ་ཚན་དང་ལས་ཐོག་ཏང་ཡོན་མཉམ་འགུལ་བྱས་ཏེ་“འབྱོར་ཐོ་གཉིས་འགོད་དང་ཞབས་ཞུ་གཉིས་ལྡན།སྙན་ཞུ་གཉིས་ཕུལ་”གྱི་བྱེད་སྒོ་སྤེལ་བ།རིམ་རྩིས་བརྒྱབ་ན་དམངས་འཚོའི་དཀའ་གནད་ཁག་100ལྷག་ཙམ་ཐག་གཅོད་བྱས་པ་དང་དུས་མཚུངས་རོགས་རེས་ཨུ་ལྷན་གྱི་ཁོངས་མིས་གྲོང་སྲོལ་དམངས་ཆིངས་བཟོས་ནས་བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་དོན་ཆེན་སྒྲུབ་སྐབས་ཕན་ཚུན་རོགས་རམ་བྱས་པ་མ་ཟད།ད་དུང་རང་བཟོས་རིག་རྩལ་ལེ་ཚན་སྐོར་སྐྱོད་འཁྲབ་སྟོན་ཡང་བྱས་པ་རེད།

    ཉིན་ལྟར་ས་སྲོད་ཀྱི་དུས་སུ།ཟླ་འོད་ཐང་ཆེན་དུ་བོད་རིགས་ཀྱི་གཞས་དང་།འཇང་གི་ཞབས་བྲོ་།ལི་སུའུ་ཡི་དམངས་གཞས་བཅས་རེས་མོས་ངང་འཁྲབ་སྟོན་བྱེད་ཀྱི་ཡོད།ཡུལ་སྐོར་བ་ལི་ཅིང་གིས“དེ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཛེས་ལྗོངས་ཤིག་རེད་ཅེས་བཤད་བྱུང་།