རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཐབ་ཀའི་ནང་མེ་ལྕེ་དགུང་དུ་འཕྱུར་བ་དང་།བག་ལེབ་ཀྱི་དྲི་ཞིམ་ཕྱོགས་བཞིར་ཁྱབ། སྐྱེས་པ་རྣམས་ཀྱིས་དབྱར་རྩྭ་དགུན་འབུ་བརྐོ་བྱེད་ཀྱི་ཡོ་བྱད་ལ་ཞིབ་བཤེར་བྱས་རྗེས་ནོར་ནག་ལ་གཟན་ཆས་སྟེར་བར་བྲེལ། བུད་མེད་རྣམས་ཀྱིས་རྐང་ལག་མྱུར་མོས་ཉིན་གུང་གི་ཟ་མ་གྲ་སྒྲིག་བྱེད་བཞིན་ཡོད་དེ། རྩམ་པ་དང་།ཅོང་རྡོག ཚགས་ཤ།དཀྲུགས་ཇ་སོགས་གྲ་སྒྲིག་བྱེད་བཞིན་ཡོད། དུས་མཚུངས་སུ།བྱིས་པ་རྣམས་གཉིད་ལས་སད་ཤིང་།རྒན་རྒོན་རྣམས་ཀྱིས་ཀྱང་ཡར་ལངས་ནས་ཁ་ལག་བཀྲུ་བཞིན་ཡོད།གྲོང་ཚོ་ཡོངས་ཞོགས་པའི་ཉི་ཟེར་གྱི་ཁྲོད་དུ།བྲེལ་འཚུབ་དང་སྤྲོ་སྣང་གིས་ཁེངས་པའི་རོལ་དབྱངས་ཤིག་དཀྲོལ་བ་རེད།
ཞོགས་པའི་ཉི་ཟེར་ཤར་མ་ཐག གྲོང་མི་རྣམས་སྒོ་ཟོག་དེད་ཞོར།འབུ་རིར་འགོས་མགོ་བརྩམས།གྲོང་མི་བརྒྱ་ལྷག་ནི་སྲ་ཞིང་བརྟན་པའི་དཔུང་ཁག་ཅིག་དང་འདྲ་བར་རི་གཟར་པོའི་སྒང་དུ་གོམ་པ་རེ་རེ་སྤོ་བཞིན་ཡོད།སྐྱེས་པ་རྣམས་ཀྱིས་རྒྱབ་ལ་ཁུར་བོ་ལྗིད་མོ་ཁུར་བ་དང་།བུད་མེད་རྣམས་ཀྱིས་ལོ་ན་ཆུང་བའི་བྱིས་པ་རྣམས་ལག་ཏུ་དམ་པོར་བཟུང་བ།ཉམས་མྱོང་ཕུན་སུམ་ཚོགས་པའི་རྒན་པོ་རྣམས་འཁར་བ་ལ་བརྟེན་ནས་མདུན་དུ་བསྐྱོད་བཞིན་ཡོད།
ས་བབ་མཐོ་ཚད་སྨི་4600ཙམ་ཟིན་པའི་འབུ་རིར་སླེབས་སྐབས་མི་ཚོགས་མགྱོགས་མྱུར་གྱིས་གོ་རིམ་ལྡན་པའི་ངང་ཁ་གྲམ་ནས་དབྱར་རྩྭ་དགུན་འབུ་བརྐོ་འགོ་བརྩམས། ཉམས་མྱོང་ཕུན་སུམ་ཚོགས་པའི་གྲོང་མི་རྣམས་པུས་མོ་སར་བཙུགས་ནས་དབྱར་རྩྭ་དགུན་འབུ་བརྐོ་ཞོར་དལ་བུར་མདུན་དུ་བསྐྱོད།འབུ་བརྐོ་ཉམས་མྱོང་ལྡན་པའི་ཉི་མས་མིག་ནི་ས་ངོས་དང་བར་ཐག་སྨི་གཅིག་ཡས་མས་ཡོད་དགོས།འདི་ལྟར་བྱས་ན་མཐོང་ལམ་ཅུང་ཆེ་བ་ལ།མིག་ལ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་ཅེས་བཤད་བྱུང་། “ཡོད་བྱུང”ཞེས་པའི་སྐད་སྒྲ་དེ་ཡུན་རིང་ལྷིང་འཇགས་གི་རྣམ་པ་དཀྲོགས། མཐའ་འཁོར་གྱི་མི་རྣམས་འཕྲལ་མར་མཐའ་ནས་བསྐོར་བ་དང་། མིག་ཟུང་ལས་བརྗོད་དཀའ་བའི་སྤྲོ་སྣང་གིས་ཁེངས་ཡོད། བློ་བཟང་རྟ་མགྲིན་གྱིས་འདམ་བག་གིས་བཏུམ་པའི་འབུ་དེ་དལ་གྱིས་བླངས་ནས།ལག་པས་དལ་མོར་ཕྱིས་པ་དང་སེམས་ཆུང་སྒོས་སྒམ་ཆུང་ནང་བཞག་རྗེས།བརྐོ་དོང་སྔར་ལྟར་སླར་གསོ་བྱས།དབྱར་རྩྭ་དགུན་འབུ་ཆུང་ཆུང་དེས་གློ་བུར་དུ་རི་འགོར་ཡོད་པའི་མི་རྣམས་ལ་ཡང་བསྐྱར་རེ་བ་བསྩལ།
ཉིན་གུང་གི་སྐབས་སུ། གྲོང་མི་ཚོ་གཉིས་རེ་གསུམ་རེ་བྱས་ཏེ་གནས་སྐབས་སུ་ངལ་གསོ་བྱེད་འགོ་བརྩམས། མཐོ་སྒང་གི་ནམ་ཟླ་ནི་འགྱུར་ལྡོག་མང་བས། གློ་བུར་དུ་སེར་བ་བབས་བྱུང་།མི་རྣམས་ནོར་གྱི་ཀམ་པ་ལི་ཡི་འགེབས་སྲུང་འོག་མགྱོགས་མྱུར་ངང་ལུས་འཁུམས་ནས་ཆར་གཡོལ་བྱས། ཉི་མས་ཀམ་པ་ལི་ཉི་མ་འགོག་ལ་དྲོད་སྲུང་བ་མ་ཟད།ད་དུང་བཞའ་ཚན་ཆེ་བ་དང་ཆར་པ་འགོག་ཐུབ་ཞེས་བཤད་བྱུང་།
ཉི་ལ་ནུབ་ལ་ཁད་དུས། ངལ་དུབ་ཀྱིས་ཁེངས་པའི་དཔུང་ཁག་དེ་ད་གཟོད་ཕྱིར་ལོག་པའི་ལམ་དུ་ཞུགས། བཅའ་སྡོད་བྱ་ཡུལ་དུ་ལོག་རྗེས་སྐྱེས་པ་ཚོས་མེ་ཐབ་འགྲམ་དུ་བསྡད་དེ་སེམས་ཆུང་ངང་དབྱར་རྩྭ་དགུན་འབུའི་སྟེང་གི་འདམ་ཕུད་པ་དང་བུད་མེད་ཚོས་ཟ་མ་ལས་བཞིན་ཡོད། དགོང་ཟས་ཟས་རྗེས་གྲོང་མི་རྣམས་ཀྱིས་ཉིན་དེའི་ཡོང་འབབ་ཕན་ཚུན་ལ་ཁ་བརྡ་བྱེད་བཞིན་ཡོད།དགའ་སྤྲོའི་དཔལ་ལ་རོལ་བའི་དུས་མཚུངས་སུ་ཉིན་གཉིས་པའི་ལམ་ཐིག་ལ་འཆར་གཞི་འཐེན་ནས་དེ་ལས་བཟང་བའི་གྲུབ་འབྲས་འཚོལ་བཞིན་ཡོད།དབྱར་རྩྭ་དགུན་འབུ་བརྐོ་པའི་དུས་ཚིགས་ནི་སྟོད་རྒྱུད་ཀྱི་གྲོང་མིའི་ལོ་གཅིག་གི་འཚོ་བའི་ཡོང་ཁུངས་གལ་ཆེ་ཤོས་ཡིན་མོད།འོན་ཀྱང་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད།གངས་ལྗོངས་ས་མཐོ་ནས་ཐོན་པའི་རྩ་ཆེའི་ཐོན་རྫས་དེས་ཁྱིམ་ཚང་ཚང་མའི་རེ་བ་དང་འབྱུང་འགྱུར་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ལ།མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་འགྱུར་མེད་མཛེས་ལྗོངས་གསོན་ཉམས་ལྡན་པའི་ངང་གསལ་བཤད་བྱས་ཡོད།