ལུའོ་ཁྲའོ་ཧྥེང་གིས་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་བདེ་ཆེན་འགྲེམས་ཁང་དུ་ཕེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6ཚེས་23ཉིན། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སྐབས་9པའི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་བདེ་ཆེན་འགྲེམས་ཁང་དུ་བསྐྱོད་ནས་སྐོར་ཞིབ་གནང་སྐབས་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཀྱི་ལས་སྟེགས་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ་སྒོ་དབྱེ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་ས་མཐོའི་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་བཏང་ནས“སེམས་ཀྱི་ཉི་ཟླའི”སྤུས་རྟགས་ཀྱི་ཤུགས་རྐྱེན་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་།  

    ཉིན་དེར། ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་བདེ་ཆེན་འགྲེམས་ཁང་གི་ནས་ཀྱི་ཐོན་རྫས་དང་། རྒུན་ཆང་། བེ་ཤའི་ཐོན་རྫས། ཕྱུགས་ཤ བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཁྱད་ལྡན་འགྲེམས་གནས་ལ་སྔ་རྗེས་སུ་བསྐྱོད་དེ་འགྲེམས་ཞུགས་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་བྱས་ཏེ་ཐོན་རྫས་ཕྱིར་ཚོང་དང་། ཁྲོམ་རའི་རྒྱ་སྐྱེད་དང་དཀའ་གནད་ཆེ་བ། ཁེ་ལས་འཕེལ་རྒྱས་ཀྱི་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་ངང་འདྲི་བ།

    ལུའོ་ཁྲའོ་ཧྥེང་གིས་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ནི་བདེ་ཆེན་གྱི་གཟུགས་བརྙན་མངོན་པ་དང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྐར་ཁུང་གལ་ཆེན་ཞིག་རེད། འགྲེམས་ཞུགས་ཁེ་ལས་ཀྱིས་མཉམ་ལས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཁྱད་ལྡན་ཐོན་ལས་དང་རྒྱལ་ཁབ་ཕྱི་ནང་གི་ཚོང་ར་འབྲེལ་མཐུད་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས། “སེམས་ཀྱི་ཉི་ཟླའི་བེ་ཤའི་”སྤུས་རྟགས་གཏོད་རྒྱུར་དམ་པོར་དམིགས་པ་དང་། ཐབས་ལམ་རྩེ་གྲ་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་མགྱོགས་སུ་གཏོང་དགོས། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཀྲུང་ལུགས་སྨན་རྫས་ཚད་ལྡན་ཅན་གྱི་འདེབས་འཛུགས་དང་ལས་སྣོན་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ“སེམས་ཀྱི་ཉི་ཟླའི་བོད་སྨན”དེ་ས་ཁོངས་ཀྱི་སྤུས་རྟགས་སུ་གཏོད་དགོས། མི་རིགས་ཀྱི་རིག་གནས་གཞི་རྒྱུ་དེ་ཐོན་རྫས་འགྲེམས་སྟོན་ནང་བཅུག་ནས་རིག་གནས་ལ་བརྟེན་ནས་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་དགོས་པའི་ནན་བཤད་གནང་།  

    ལུའོ་ཁྲའོ་ཧྥེང་གིས་འབྲེལ་ཡོད་སྡེ་ཚན་གྱིས་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འགྲེམས་ཚོགས་ནང་ཞུགས་སྐབས་འཕྲད་པའི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱས་ཏེ་འགྲེམས་ཚོགས་སྦྲེལ་ཐག་ཏུ་བྱས་ཏེ་མ་འཇོག་དེ་བས་མང་བ་དོན་འཁྱོལ་བྱ་རྒྱུའི་ཡིད་དབང་བཀུག་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན།  

    ཁུལ་གྱི་འགོ་ཁྲིད་ཁྲེན་ཆོན་དང་། ཧོང་ལུང་ཤིན། ཞུས་ཀོང་ཏེ། ཝན་ཏན་ཆིན་བཅས་མཉམ་དུ་སྐོར་ཞིབ་ཁང་དུ་ཕེབས།