ཀྲང་ཝེ་ཏུང་སྐབས་9པའི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་བདེ་ཆེན་ཁུལ་གྱི་འགྲེམས་ཁང་དུ་སྐོར་ཞིབ་བྱེད་པར་ཕེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་6པའི་ཚེས་19ཉིན། སྐབས་9པའི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་དང་ཀྲུང་གོའི་ཁུན་མིང་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་29པ་ཁུན་མིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་བདེ་ཆེན་ཁུལ་འགྲེམས་ཁང་དུ་སྐོར་ཞིབ་བྱེད་པར་ཕེབས་ནས་འགྲེམས་ཚོགས་ནང་ཞུགས་ཡོད་པའི་ཁེ་ལས་ཀྱི་འགྲེམས་ཁང་བཀོད་སྒྲིག་བྱེད་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་རང་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཁ་སྒྱུར་ཕྱོགས་སྟོན་གནང་བ། ཨེ་ཤེ་ཡ་ལྷོ་མའི་དངོས་མང་འགྲེམས་ཚོགས་སྐར་ཁུང་དུ་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དང་“བྱེས་སུ་སྡོད་པ+ཐོན་ལས་”ཟབ་ཏུ་མཉམ་འབྲེལ་བྱས་ནས་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་།

      སྐབས་འདིའི་འགྲེམས་ཚོགས་ལ་འགྲེམས་ཁང་16བཀོད་སྒྲིག་བྱས་ཡོད། བདེ་ཆེན་ཁུལ་གྱི་འགྲེམས་ཚོགས་ནང་ཞུགས་པའི་ཁེ་ལས་ཀྱིས་དེང་རབས་ཞིང་ལས་འགྲེམས་ཁང་དང་། བྱེས་སུ་སྡོད་པའི་ཡུན་ནན་འགྲེམས་ཁང་། ཀྲུང་ལུགས་གསོ་སྨན་ཐོན་ལས་ཁང་། ཞིམ་ཟས་ཁང་བཅས་སུ་འགྲེམས་སྟོན་བྱས་ཡོད་ལ། ཀྲུང་ལུགས་གསོ་སྨན་ཐོན་ལས་ཁང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐེན་ཆོན་ཨ་བི་ཥ་ཚན་རྩལ་ཚད་ཡོད་ཀུང་སིའི་འགྲེམས་གནས་སུ་ཀྲང་ཝེ་ཏུང་གིས་ཀྲུང་གོ་ཀྲུང་ལུགས་སྨན་རྫས་མཐུན་ཚོགས་ཀྱི་ལག་བསྟར་ཚོགས་གཙོ་གཞོན་པ་ལིའུ་ཀྲང་ལིན་དང་སྤེལ་རེས་ཟབ་མོ་གནང་ཞིང་། ལིའུ་ཀྲང་ལིན་གྱིས་བདེ་ཆེན་གྱི་ཨ་བི་ཥ་ལ་ཐོན་ལས་ཀྱི་ཐོན་ཁུངས་ཁྱད་ཆོས་དང“ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན”གྱི་གསར་གཏོད་འཕེལ་རྒྱས་གཏོང་སྟངས་ལ་ཚད་མཐོའི་གདེང་འཇོག་གནང་ནས་རྒྱལ་ཡོངས་ཀྱི་སྨན་རྫས་ཁྱབ་ཁོངས་ཀྱི་དམིགས་བསལ་རིན་ཐང་བསྟན། ཀྲང་ཝེ་ཏུང་གིས་བདེ་ཆེན་གྱི་ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱིས་ཚན་རྩལ་སྒུལ་ཤུགས་སུ་བྱེད་པ་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་རྨང་གཞིར་བྱས་ཏེ་མཐོ་སློབ་དང་ཚན་ཞིབ་ཁང་དང་མཉམ་ལས་གཏིང་ཟབ་བྱས་ཏེ་སོན་བཟང་འདེམས་གསོ་དང་། ཚད་ལྡན་ཅན་གྱི་འདེབས་འཛུགས་ནས་ལས་སྣོན་ཞིབ་ཚགས་བར་གྱི་སྦྲེལ་ཐག་ཧྲིལ་པོའི་ཚད་གཞིའི་མ་ལག་འཛུགས་པ་དང་ཁེ་བེད་བདག་ཐོབ་སྲུང་སྐྱོང་དང་ས་ཁམས་མཚོན་རྟགས་སོགས་ཤེས་བྱའི་བདག་དབང་ཡོ་བྱད་ནུས་ལྡན་ངང་སྤྱད་དེ་ཐོན་ལས་འགྲན་རྩོད་ཀྱི་ལེགས་ཆ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་།སྲིད་གཞུང་གིས་ཨ་བི་ཥ་དང་། ཡུན་རུ་ཏ། ཀྱི་ལྕེ་སོགས་ཀྱི་ལེགས་ཆའི་སྣ་ཁ་གཅིག་སྡུད་བྱས་ཏེ་ཚད་ལྡན་ཅན་གྱི་རྟེན་གཞི་འཛུགས་སྐྲུན་དང་ས་ཁོངས་ཀྱི་སྤུས་རྟགས་གཏོད་པའི་ཐད་ཆེད་དོན་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཏེ་བདེ་ཆེན་གྱི་ཀྲུང་ལུགས་སྨན་རྫས་ཁྲོམ་ར་དེ་བས་རྒྱ་ཆེ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཞེས་བསྟན།

     དེང་རབས་ཞིང་ལས་ཁང་དུ་ཕྱུགས་ཤ་དང་། བེ་ཤའི་ཐོན་རྫས། སྦྲང་རྩི།རྒུན་ཆང་སོགས་ས་མཐོའི་སྣོད་བཅུད་ཐོན་རྫས་སྣ་ཚོགས་འགྲེམས་ཡོད། ཀྲང་ཝེ་ཏུང་གིས་འགྲེམས་དངོས་བཟོ་རྩལ་ལ་ཞིབ་ལྟ་ནན་ཏན་བྱས་ཏེ་ཁེ་ལས་ཀྱི་མཁོ་སྤྲོད་སྦྲེལ་ཐག་འཛུགས་སྐྲུན་དང་ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་།  ཁོང་གིས་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱིས“ལྗང་མདོག་དང་། སྣོད་བཅུད། སྐྱེ་ལྡན”བཅས་ཀྱི་སྲོག་ཤིང་བརྟན་པོར་བསྲུངས་ཏེ་ཁོར་ཡུག་གི་ལེགས་ཆ་དེ་“ལྗང་མདོག་མཚོན་རྟགས”སུ་འགྱུར་བར་བྱེད་དགོས་ཞེས་བསྟན། འགོ་འཛུགས་ཉེར་ཡོད་པའི་བདེ་ཆེན་བེ་ཤའི་དུས་ཚིགས་ཀྱི་ཐད་ལ་ཁོང་གིས་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ལ་བརྟེན་ནས་བདེ་ཆེན་གྱི་བེ་ཤའི་འོས་སྦྱོར་ཡག་པོ་བྱས་ཏེ་རྩེར་སོན་བཟའ་བཏུང་ཐབས་ལམ་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། གསར་གཏོད་ཚལ་གསར་ཞིབ་འཇུག་གསར་སྤེལ། ཞིམ་ཟས་ཉམས་ལེན་གྱི་བྱེད་སྒོ་སྤེལ་ནས་“རྩེར་སོན་ཟ་རྒྱུ+སྤུས་ལེགས་བཟའ་བཏུང་”གི་རྣམ་པའི་ཐོག་ནས་སྤུས་རྟགས་ཀྱི་རིན་གོང་འཕར་ནུས་ཆེ་རུ་བཏང་སྟེ་བདེ་ཆེན་གྱི་བེ་ཤ་རྒྱལ་སྤྱིའི་ཟས་ལྕོག་ཐོག་སྐྱོད་ཐུབ་པར་བྱེད་དགོས་པ། དུས་མཚུངས་སུ་བེ་ཤའི་བསྣུར་མ་སོགས་ཐོན་རྫས་ཀྱི་སྟབས་བདེའི་རང་བཞིན་དང་རིག་གནས་ཀྱི་ནང་དོན་ཆེ་རུ་བཏང་ནས་ཡུལ་སྐོར་བས“ངེས་པར་དུ་ཉོ་དགོས་པའི”ལག་རྟགས་བཏོད་དེ་སྣོད་བཅུད་རིན་ཐང་དེ་དཔལ་འབྱོར་རིན་ཐང་ཕྱོགས་སུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་།

    འགྲེམས་ཁང་དུ་སྐོར་ཞིབ་བྱེད་རིང་ཀྲང་ཝེ་ཏུང་གིས་“བྱེས་སུ་སྡོད་པ་+ཐོན་ལས་”མཉམ་འབྲེལ་གྱི་འཐབ་ཇུས་རིན་ཐང་ནན་བཤད་གནང་ཤིང་།བདེ་ཆེན་འཛམ་གླིང་རིམ་པའི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ནི་ཐོན་ལས་རིམ་སྤོར་གྱི“རིམ་འདས་IP”ཡིན། ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ཀྲུང་ལུགས་སྨན་རྫས་གཞི་རྟེན་དུ་བྱས་ནས་ཉམས་ལེན་རྣམ་པའི་འཛད་སྤྱོད་རྣམ་པ་གསར་གཏོད་བྱས་ཏེ་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

     ལིན་ཧའོ་དང་ཝན་ཏན་ཆིང་འགྲེམས་ཁང་སྐོར་ཞིབ་ཏུ་ཕེབས།