རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྐབས་9པའི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་འགོ་ཚུགས་པའི་ཚུན་དུ། དེང་རབས་ཞིང་ལས་ཁང་དུ་གནས་པའི་སེམས་ཀྱི་ཉི་ཟླའི་བེ་ཤའི་འགྲེམས་ཁང་དུ་བྲིན་ཁ་རྒྱུག་པ། ས་གནས་ས་ཐོག་ཏུ་བེ་ཤའི་མོག་མོག་སོགས་ཐད་ཀའི་བཟའ་བཅའ་ལས་བདེ་ཆེན་ཁུལ་གྱི་བེ་ཤའི་ཐོན་ལས་ཀྱིས་ལས་སྣོན་ཞིབ་ཚགས་བྱེད་པའི་ལག་རྩལ་ལ་བརྟེན་ནས་འཛད་སྤྱོད་པར་དུས་ཚིགས་ཧྲིལ་པོའི་ཐོན་རྫས་ཕུན་སུམ་ཚོགས་པོ་མཁོ་འདོན་བྱེད་པ་དང་། དེ་ནས་དུས་ཚིགས་ཀྱི་འཆིང་རྒྱ་ལས་སྒྲོལ་ཏེ་ས་མཐོའི་བེ་ཤའི་བྲོ་བ་མྱོང་རྒྱུ་དེ་དུས་ཚོད་ངེས་ཅན་ཞིག་ནས་ལོ་ཧྲིལ་པོའི་འཛད་སྤྱོད་ཀྱི་ཐོན་ལས་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ།
འགྲེམས་ཁང་དུ་བསྐྱོད་མ་ཐག་ཤ་མོའི་དྲི་ཞིམ་གྱིས་མི་རྣམས་ཀྱི་ཡིད་དབང་འགུག་པ་དང་དེ་སྔོན་གྱི་སོས་པ་འགྲེམས་ཚོང་དང་མི་འདྲ་བར་འདི་ལོའི་འགྲེམས་ཚོང་ཐོག་གཙོ་བོར་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་རྫས་འགྲེམས་སྟོན་དང་མཉམ་འགུལ་ཉམས་ལེན་བྱེད་ཐུབ། བེ་ཤའི་མོག་མོག་སོགས་ཁྲོམ་གཞུང་གི་སིལ་ཟས་ཀྱིས་བེ་ཤ་མང་ཚོགས་ཅན་གྱི་འཛད་སྤྱོད་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་བཏང་བ་དང་།“སྒོར་2ཀྱི་བྲོ་བ་མྱོང་བ”དང“སྒོར་5ཡི་བྲོ་བ་མྱོང་བའི”བྱེད་སྒོས་འཛད་སྤྱོད་པར་བང་སྒྲིག་ནས་བྲོ་བ་མྱོང་དུ་བཅུག་པ་རེད། ས་གནས་ས་ཐོག་ཏུ་བེ་ཤའི་ཐོན་རྫས་མངགས་ཐོ་དང་བློ་འདྲི་ཟམ་མི་ཆད་པར་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཉོ་སྒྲུབ་ཚོང་པས་ངོ་འཕྲད་གྲོས་མོལ་བྱས་ཏེ་བེ་ཤ་སོས་པའི་ཉོ་ཚོང་དང་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་རྫས་མངགས་བཟོ་སོགས་ལ་དམིགས་ཏེ་མཉམ་ལས་འཚོལ་བ།
ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་བེ་ཤ་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་རྫས་མ་ལག་བཙུགས་ཡོད། ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཐོག་འགྲེམས་སྟོན་བྱས་པའི་ལྟེ་བའི་ཐོན་རྫས་ཡིན་པའི་བེ་ཤའི་བསྣུར་མ་ལ་བྲོ་བ་དམིགས་བསལ་ལྡན་ཞིང་། བེ་ཤའི་ཀ་ར་གོ་སྲབ་སོགས་ཀྱིས་སྲོལ་རྒྱུན་གྱི་བཟའ་བཏུང་མཐའ་མཚམས་ལས་བརྒལ་ནས་འཛད་སྤྱོད་པས་སྟབས་བདེའི་ངང་ཁ་ལག་ཟ་བ་སོགས་ཀྱི་རྒྱུན་གཏན་གྱི་དགོས་མཁོ་བསྐངས་ཐུབ་པ་དང་། ཐོན་རྫས་དེ་དག་གིས་སེམས་ཀྱི་ཉི་ཟླའི་བེ་ཤ་དུས་ཚིགས་ཀྱི་ཞིམ་ཟས་ནས་དུས་བཞིའི་ཞིམ་ཟས་བར་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།