ཁུལ་ཡོངས་ཀྱི་སྐོར་དཔྱོད་ལས་དོན་ཚོགས་འདུ་དང་ཁུལ་ཨུའི་སྐབས་དགུ་པའི་སྐོར་དཔྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་རེས་སྐོར་བཅུ་གསུམ་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཟླ་6པའི་ཚེས18ཉིན། ཁུལ་ཡོངས་ཀྱི་སྐོར་དཔྱོད་ལས་དོན་ཚོགས་འདུ་དང་ཁུལ་ཨུའི་སྐབས་དགུ་པའི་སྐོར་དཔྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་རེས་སྐོར་བཅུ་གསུམ་པ་འཚོགས་པ་རེད།     ཚོགས་འདུའི་ཐོག་ནན་བཤད་བྱས་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་རང་ཉིད་གསར་བརྗེའི་སྐོར་གྱི་བསམ་བློ་གལ་ཆེན་དང་སྐོར་ཞིབ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་བླངས་ཏེ།    རྒྱལ་ཡོངས་ཀྱི་སྐོར་ཞིབ་ལས་དོན་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་སྐོར་དཔྱོད་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་ཁུལ་ཡོངས་ཀྱི་སྐོར་དཔྱོད་ལས་དོན་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀ་དག་པའི་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བསྟན་ཡོད།    

      ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་འབྲེལ་སྐུལ་སློང་གསུང་བཤད་གནང་བ་རེད།

  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཝེ་ཏུང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཞུགས་ཡོད་པ་རེད།

    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྐོར་དཔྱོད་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཀྲུའུ་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

     ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྐོར་དཔྱོད་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་དབྱང་གིས་ཁུལ་ཨུའི་སྐབས་དགུ་པའི་སྐོར་དཔྱོད་ཚོ་ཆུང་རེས་སྐོར་བཅུ་གསུམ་པའི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པའི་དབང་ཆ། ལས་འགན་ལས་བགོས་བཅས་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད།     

     ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་།    ཏང་ཀྲུང་དབྱང་དང་ཞིང་ཨུ་བཅས་ཀྱི་སྐོར་ཞིབ་སྐོར་དཔྱོད་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ནས་ལག་བསྟར་སྒྲུབ་པ་ལས་དོན་གྱི་གཙོ་གཟུགས་སྐོར་དཔྱོད་འགན་འཁྲི་ནན་ཏན་བྱས་ནས་ཞིང་ཨུའི་སྐོར་ཞིབ་ལྡོག་སྐྱེལ་གནད་དོན་བཅོས་སྒྲིག་དམ་འཛིན་ཏན་ཏིག་བྱས་ཏེ་ཁུལ་ཨུའི་སྐོར་དཔྱོད་ཁྱོན་ཡོངས་ཁྱབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཁུལ་ཡོངས་ཀྱི་སྐོར་དཔྱོད་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།     གཅིག་དྲངས་ནས་དཔེར་གསུམ་ལ་དམིགས་ཏེ་དུས་བཀག་ལྟར་“ཕྱིར་ལྟ་”བྱས་ཏེ་རྒྱུན་མཐུད་གྱིས་སྐོར་དཔྱོད་ལས་དོན་གྱི་རྒྱུན་རིང་ཕན་ནུས་རྒྱུན་ཐོན་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་།    རྨང་གཞི་སྲ་བརྟན་དུ་གཏོང་བ་དང་དགེ་མཚན་འཕེལ་བ།    ཞན་ཆ་གསབ་པ།    ཞན་ཆ་ལེགས་གཏོང་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་སྐོར་དཔྱོད་ལས་དོན་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀ་དག་པའི་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད།   

     ཚོགས་འདུའི་ཐོག་དུས་རབས་གསར་པ་དང་དུས་མཚམས་གསར་པས་སྤྲད་པའི་འགན་འཁྲི་ཕྱོགས་ཡོངས་ནས་དང་དུ་བླངས་ཏེ་དམིགས་ཚད་ཀྱི་ཁྲིད་སྟོན་དང་། གནད་དོན་འཛིན་ཕྱོགས་འབྲས་བུ་ཁྲིད་སྟོན་བཅས་གཅིག་གྱུར་མཐའ་འཁྱོངས་དང་།    གཞུང་འཁྱོངས་གསར་འབྱེད་དང་དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ཏེ་གཙོ་གནད་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ནས་རྒྱུན་མཐུད་གྱིས་སྐོར་དཔྱོད་ལས་དོན་ལ་གྲུབ་འབྲས་གསར་པ་དང་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།     ཆབ་སྲིད་ཀྱི་གནས་ངེས་བརྟན་སྲུང་བྱས་ནས་ཆབ་སྲིད་ཀྱི་སྐོར་དཔྱོད་གཏིང་ཟབ་ཏུ་གཏོང་དགོས་ཤིང་།    ཁུལ་ཡོངས་ཀྱི་སྐོར་དཔྱོད་ལས་ཁུངས་རིམ་པ་ཁག་གིས“མཆོང་སྐྱོད་གཅིག་དང་།    གནས་ངེས་གསུམ།    འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི”སྤྱིའི་བླང་བྱ་དམ་འཛིན་བྱས་ཏེ།        ཁུལ་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཙོ་གནད་ལས་འགན་ཁག་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་ཡོད་པ་དང་།    ཏང་ཀྲུང་དབྱང་ལ་བཀོད་སྒྲིག་ཡོད་པ།    ཡུན་ནན་གྱིས་དོན་འཁྱོལ་མཐོང་བ་དངབདེ་ཆེན་གྱིས་དོན་འཁྱོལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས།     དཔེ་བསྡུར་གྱིས་རྒྱལ་ཡོངས་སྐོར་ཞིབ་ལས་དོན་ཚོགས་འདུའི་ཐོག་ཁ་གསལ་བཟོས་པའི་གཙོ་གནད་ལས་དོན་ལ་བདེ་ཆེན་གྱི་དོན་དངོས་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས།     ཞིང་ཨུ་སྐོར་ཞིབ་ཚོ་ཆུང་གི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ཞིང་ཨུ་སྐོར་ཞིབ་ཚོ་ཆུང་གིས་ཁུལ་ཨུའི་སྐོར་དཔྱོད་ལས་དོན་གྱི་ཆེད་དམིགས་ལ་ཞིབ་བཤེར་དང་ཚུར་ལན་བསམ་ཆར་བཅོས་སྒྲིག་གི་གྲུབ་འབྲས་གང་ལེགས་ཀྱིས་བེད་སྤྱོད་བྱས་ཏེ་ལས་ཀའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་སྐོར་དཔྱོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།     ཏན་ཏིག་གིས་སྐོར་ཞིབ་སྐོར་དཔྱོད་ལེགས་པར་སྒྲུབ་ནས་“མཇུག་འཕྲོའི་ལས་དོན་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གི་ལས་དོན་ལ་མུ་མཐུད་གཞོགས་འདེགས་བྱས་ཏེ་ཞིང་ཨུའི་སྐོར་ཞིབ་ཚུར་ལན་བསམ་འཆར་དང་ཞིང་ཨུའི་ཆབ་སྲིད་སྐྱེ་ཁམས་བཅའ་སྡོད་བརྟག་དཔྱད་བྱས་པའི་ཆབ་སྲིད་སྣང་ཚུལ་གྱི་གནད་དོན་བཅོས་སྒྲིག་ལྡོག་སྐྱེལ་ལ་དམ་འཛིན་ཡག་པོ་བྱ་དགོས་ཞེས་བསྟན་ཡོད།   

     ཚོགས་འདུའི་ཐོག་སྐོར་དཔྱོད་ཚོ་ཆུང་ཁག་གིས་ཆབ་སྲིད་དང་སྐོར་དཔྱོད་ཀྱི་ལས་ཀའི་བླང་བྱ་རེ་བ་དམ་འཛིན་བརྟན་པོ་བྱས་ནས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཐེངས་འདིའི་སྐོར་དཔྱོད་ཀྱི་ལས་འགན་ཕུན་སུམ་ཚོགས་པར་འགན་ལེན་བྱེད་དགོས། མགྱོགས་མྱུར་ངང་སྐོར་དཔྱོད་བྱ་ཡུལ་སྡེ་ཚན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་།    འགན་ནུས་ཀྱི་འགན་འཁྲི་གཙོ་གནད་ལས་འགན་བཅས་རྒྱུས་ལོན་དང་ཤེས་རྟོགས་བྱས་ཏེ་སྐོར་དཔྱོད་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཆེ་རུ་གཏོང་དགོས།     མཐུན་སྦྱོར་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་སྣོན་རྒྱག་པ་དང་།   ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་།  ལུགས་མཐུན་གྱི་ལས་བགོས་བྱེད་པ།    གོམ་སྟབས