རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་བའི་ལོ་ཤས་རིང་། ཁུལ་དམངས་སྲིད་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁྲིམས་འཛིན་སོགས་སྡེ་ཚན་གྱིས《བདེ་ཆེན་གྱི་བྱིས་པའི་འཕེལ་རྒྱས་འཆར་འགོད(2021ལོ་ནས་2030ལོ་བར)》ལ་དམ་པོར་དམིགས་ནས་སྲིད་ཇུས་ཐ་སྐྱོང་དང་། གནད་སྨིན་ཐུགས་ཁུར། ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་མཐུན་སྦྱོར་བཅས་ཕྱོགས་བཞིའི་ཞབས་ཞུའི་མ་ལག་གསར་གཏོད་བྱས་ཏེ་ས་མཐོའི་བྱིས་པས་སྡེ་ཚན་མང་པོར་གཞོཊ་འདེཊ་ངང་ཤུཊ་སྣོན་བརྒྱབ་ནས་འཚར་ལོངས་ཡོང་བ་བྱས་ཡོད།
སྲིད་ཇུས་ཐ་སྐྱོང་བྱས་ཏེ་གནད་སྨིན་གཏན་འཁེལ་ནས་དྲོ་སྐྱིད་འགན་ལེན་བར་གྱི་སྦྲེལ་ཐག་ཧྲིལ་པོའི་སྲུང་སྐྱོང་བྱེད་པ།
མིག་སྔར། ཁུལ་ཡོངས་ཀྱི་དྭ་ཕྲུག་85དང་གསོ་མཁན་དངོས་མེད་ཀྱི་བྱིས་པ98སོགས་དམིགས་བསལ་ཚོགས་སྤྱི་ཚང་མ་འགན་ལེན་བྱེད་ཁོངས་སུ་བཅུག་པ་དང་། བྱིས་པ་གཅིག་སྡུད་གསོ་སྐྱོང་གི་འགན་ལེན་ཚད་གཞི་མི་རེར་ཟླ་རེར་སྒོར་2000ཟིན་ཡོད། ཁ་ཐོར་དུ་སྡོད་པའི་དྭ་ཕྲུག་སོགས་ཚོགས་སྤྱིའི་ཚད་གཞི་མི་རེར་ཟླ་རེར་སྒོར་1350ཟིན་ཡོན་པ་རེད། “ཕན་བདེའི་རྒྱན་ཤོག་ཕུགས་འདུན་འགྲུབ་ཆེད་དྭ་ཕྲུག་སློབ་སྐྱོར་འདུ་འགོད”ཀྱིས་སློབ་གྲྭ་ཆེ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་རྒྱུགས་འཕྲོད་པའི་དྭ་ཕྲུག་22ལ་ལོ་རེར་ཁ་གསབ་རོགས་དངུལ་སྒོར་ཁྲི་1སྤྲད་པ་དང་། གསོ་མཁན་དངོས་མེད་ཀྱི་བྱིས་པ་2ལ་ཐེངས་གཅིག་རང་བཞིན་གྱི་སློབ་ཞུགས་ཁ་གསབ་རོགས་དངུལ་ཐོབ་པ་རེད།
བྱམས་སྐྱོང་ནུས་རྩལ་བྱས་ནས་གཅེས་སེམས་ལྡན་པའི་ཨ་མ་སྟོང་དང་ས་མཐོའི་བྱིས་པའི་དྲོ་སྐྱིད་སྐོར་གྱི་ལྡན་པའི་ཆིངས་བཀོད།
“ཟླ་རེར་སྙིང་ཉེ་བའི་ཁ་པར་ཐེངས་རེ་བརྒྱབ་ནས་དུས་ཚིགས་རེར་དུད་ཚང་དུ་བསྐྱོད་དེ་དྲོ་སྐྱིད་ལྡན་པའི་ངང་བཅར་འདྲི་བྱེད་ཀྱི་ཡོད”ཅེས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐུལ་སློང་བྱས་པའི“གཅེས་སེམས་ལྡན་པའི་ཨ་མ”1446གིས་གཞིས་སྲུང་དང་དཀའ་ངལ་ཡོད་པའི་བྱིས་པ་1107ལ་ཁས་ལེན་བྱས་པ་དང་། 2024ལོ་ནས་བཟུང་མི་ཐེངས་2865ལ་སེམས་ཁུར་དང་ཞབས་འདེགས་ཞུས་པ་རེད།
ཁེ་དབང་སྲུང་སྐྱོང་གིས་སྲུང་སྐར་རིམ་པ་གསུམ་པའི་འཐབ་ས་མཉམ་འགུལ་གྱིས་བདེ་འཇགས་འགོག་སྲུང་དྲ་བ་འཐག་དགོས་བྱས་པ།
ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲེན་ཨའེ་ཕིང་གིས“མིག་སྔའི་བར་ཁུལ་ཡོངས་སུ‘གཅིག་འཐུས་རྣམ་པའི’ཐུགས་ཁུར་ཞབས་ཞུའི་ལྟེ་གནས་3དང་། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ས་ཚིགས་32འགལ་བ་དང་རྩོད་གཞི་འདུམ་འགྲིག་ལས་དོན་ཁང་197བཅས་བཙུགས་ཡོད། ‘12338’བུད་མེད་ཁེ་དབང་སྲུང་སྐྱོང་གི་ཐད་འབྲེལ་ཁ་པར་དེ‘མནའ་མའི་ནང་མིའི’དྲོ་སྐྱིད་ཀྱི་ཚད་གཞི་ཞིག་ཏུ་གྱུར་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
གསར་གཏོད་དང་མཐུན་སྦྱོར་བྱས་ཏེ། “རེ་འདུན་ཆུང་ཆུང་”ནས་དབྱར་སྒར་བར་གྱི་ས་མཐོའི་ཁྱད་ཆོས་ལྡན་པའི་ལག་ལེན།
སྡེ་ཚན་མང་པོ་མཉམ་འགུལ་གྱིས་གསར་གཏོད་ཞབས་ཞུའི་སྤུས་རྟགས་སྐུལ་སྤེལ་བཏང་བ། ཁུལ་དམངས་སྲིད་ཅུས་སྤྱི་ཚོགས་ཕན་བདེ་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་ཉི་མས“2024ལོར་དམངས་སྲིད་སྡེ་ཚན་གྱིས་གྲོང་ཚོ་རིམ་པའི་བྱིས་པའི་ཁྱིམ་ལ་བརྟེན་ནས‘བྱིས་པའི་རེ་འདུན་ཆུང་ཆུང་ཞེས་པའི’བྱེད་སྒོ་སྤེལ་བས་གཞིས་ལུས་བྱིས་པ་786ལ་དཔེ་ཁུག་དང་ཡིག་ཆས་སོགས་ཀྱི་ལག་རྟགས་ཐོབ་པ། 2025ལོར་ཁུལ་རིམ་པའི་ཕན་བདེ་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི་30བཏང་ནས‘རྒན་གཅིག་དང་ཆུང་གཅིག’གི་གཅེས་སྐྱོང་ཞབས་ཞུ་ཉོས་ཏེ་ཆེད་ལས་སྤྱི་ཚོགས་རྩ་འཛུགས་ནང་འདྲེན་བྱས་ནས་གཞི་རིམ་ལ་སྟོབས་ཤུགས་སྦྱིན་རྒྱུ་རེད་”ཅེས་བཤད།