བདེ་ཆེན་ཁུལ་གྱི་རྒྱུགས་སྤྲོད་སློབ་མ་9022འབྲིང་རྒྱུགས་ལ་ཞུགས་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཟླ་6པའི་ཚེས་16ཉིན། བདེ་ཆེན་ཁུལ་གྱི་2025ལོའི་དམའ་འབྲིང་སློབ་སྦྱོང་གི་ཆུ་ཚད་རྒྱུགས་ལེན་འགོ་ཚུགས་ཤིང་། རྒྱུགས་སྤྲོད་སློབ་མ་9022རྒྱུགས་ལ་ཞུགས་ཡོད།  དེའི་ཁྲོད་དུ་ལོ་རིམ་དགུ་པའི་སློབ་མ4413དང་ལོ་རིམ་བརྒྱད་པའི་སློབ་མ་4609ཡོད།  རང་ཁུལ་གྱི་རྫོང་གསུམ(གྲོང་ཁྱེར)གྱི་དམའ་འབྲིང་སློབ་གྲྭ་8ཚང་མར་རྒྱུགས་ལེན་ས་བཙུགས་ཡོད་པ་དང་ཁྱོན་བསྡོམས་རྒྱུགས་ལེན་ས་152བཀོད་སྒྲིག་བྱས་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན། འབྲིང་རྒྱུགས་སུ་ཞུགས་པའི་ལོ་རིམ་དགུ་པའི་རྒྱུགས་སྤྲོད་སློབ་མའི་ཁྲོད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སློབ་མ2019དང་། འཇོལ་རྫོང་དུ་སློབ་མ་459འབའ་ལུང་རྫོང་དུ་སློབ་མ1935ཡོད།   རྒྱུགས་ལེན་གྱི་སློབ་ཚན་ལ་སྐད་ཡིག་དང་། རྩིས་རིག   དབྱིན་ཡིག  ཀུན་སྤྱོད་དང་ཁྲིམས་སྐྱོང་། ལོ་རྒྱུས།  དངོས་ལུགས། རྫས་འགྱུར་བཅས་ཡོད། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་6པའི་ཚེས་16ཉིན་ནས་ཚེས་18ཉིན་གྱི་སྔ་དྲོ་བར་ཡིན་པ་དང་། ཚེས་16ཉིན་གྱི་སྔ་དྲོ་སྐད་ཡིག་སློབ་ཚན་གྱི་རྒྱུགས་ལེན་རྒྱུ་དང་ཕྱི་དྲོར་དངོས་ལུགས་དང་རྫས་འགྱུར་སློབ་ཚན་གྱི་རྒྱུགས་བླངས་ཡོད། ཚེས་17ཉིན་སྔ་དྲོ་རྩིས་རིག་སློབ་ཚན་གྱི་རྒྱུགས་ལེན་པ་དང་ཕྱི་དྲོར་ཀུན་སྤྱོད་དང་ཁྲིམས་སྐྱོང་།ལོ་རྒྱུས་སློབ་ཚན་གྱི་རྒྱུགས་ལེན་རྒྱུ་རེད།ཚེས་18ཉིན་གྱི་སྔ་དྲོ་དབྱིན་ཡིག་སློབ་ཚན་གྱི་རྒྱུགས་ལེན་རྒྱུ་རེད། འབྲིང་རྒྱུགས་སུ་ཞུགས་པའི་ལོ་རིམ་བརྒྱད་པའི་རྒྱུགས་སྤྲོད་སློབ་མའི་ཁྲོད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སློབ་མ2044དང་།འཇོལ་རྫོང་དུ་སློབ་མ་471འབའ་ལུང་རྫོང་དུ་སློབ་མ20945ཡོད།  རྒྱུགས་ལེན་གྱི་སློབ་ཚན་ལ་སྐྱེ་དངོས་རིག་པ་དང་།  ས་རྒྱུས།  ཆ་འཕྲིན་ལག་རྩལ་བཅས་ཡོད།  རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་6པའི་ཚེས་18ཉིན་ནས་ཚེས་20ཉིན་བར་ཡིན་པ་དང་།ཚེས་18ཉིན་གྱི་ཕྱི་དྲོ་སྐྱེ་དངོས་རིག་པ་དང་།  ས་རྒྱུས་སློབ་ཚན་གྱི་རྒྱུགས་ལེན་རྒྱུ་དང་།ཚེས19ནས20བར་དུ་ཆ་འཕྲིན་ལག་རྩལ་སློབ་ཚན་གྱི་རྒྱུགས་ལེན་རྒྱུ་རེད།