རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
གཟར་ལ་གཏིང་ཟབ་པའི་གྲོག་རོང་འདིའི་ཕར་ཁར་རྒྱ་སྟག་ངར་མ་མཆོང་ནུས་པའི་བར་ཐག་ལས་མ་མཆིས་པས། སྟག་མཆོང་གྲོག་རོང་ཞེས་ཡོངས་སུ་གྲགས་ལ། ཆར་ཆུ་མོད་པའི་དུས་སུ་འབྲི་ཆུའི་ཆུ་བོ་དྲག་ཏུ་བཞུར་ཅིང་རླབས་ཀྱི་ཟེགས་མ་མཁའ་ལ་འཕྱོ། གྲོང་རོང་ཡོངས་སུ་དྲག་ཏུ་རྒྱུག་པའི་ཆུ་བོའི་བཞུར་སྒྲས་རྣ་བའང་འོན་པ་བྱེད་ལ་ངོ་མཚར་བའི་རང་བྱུང་ཁམས་ཀྱི་བརྗིད་ཉམས་ཉམས་སུ་མྱོང་ཆོག སྟག་མཆོང་གྲོག་རོང་ནི་བདེ་ཆེན་གྱི་ཡུལ་སྐོར་ས་གནས་གྲགས་ཆེ་བ་ཞིག་ཡིན་ལ། ཉེ་འཁོར་གྱི་རི་ལམ་དུ་རྐང་བསྐྱོད་ཀྱི་ལམ་ཐིག་ཡོད་པས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་བགྲངས་ལས་འདས་པ་ཞིག་མ་བོས་མགྲོན་དུ་ཕེབས་པ་བཞིན་ལོ་རེ་བཞིན་ལྟད་མོར་ཡོང་བཞིན་ཡོད།