བདེ་ཆེན་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་2025ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་6པའི་ཚེས་14ཉིན། བདེ་ཆེན་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་2025ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིམ་སྤེལ་བྱེད་སྒོ་དེ་པོ་ཏ་མཚོ་ལྗོངས་ཁུལ་དུ་སྤེལ་འགོ་ཚུགས་པ།

   ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་བདེ་ཆེན་གྱི་མི་རིགས་རིག་གནས་དང་རང་བྱུང་སྐྱེ་ཁམས་ཀྱི་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོང་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་རེད།  

     གངས་རི་དང་གཙང་པོས་སྐོར་བའི་བདེ་ཆེན་གྱི་ས་གཞི་དེ་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཕན་ཚུན་བཀྲག་མདངས་འཚེར་ཞིང་། པོ་ཏ་མཚོ་ལྗོངས་ཁུལ་ནི་བདེ་ཆེན་གྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུའི་ངོས་ནས་དེའི་བརྗིད་ཆགས་ཉམས་ལྡན་གྱི་མཛེས་ལྗོངས་དང་གཏིང་ཟབ་པའི་རིག་གནས་ལས་རྩ་ཆེའི་རིག་གནས་དང་རང་བྱུང་ཤུལ་བཞག་གྲུབ་ཡོད།

    བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་།དེའི་ནང་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་རོལ་དབྱངས་འགྲེམས་འཁྲབ་དང་།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྐོར་བྲོའི་འཁྲབ་སྟོན།མངོན་མིན་རིག་གནས་ཤུལ་བཞག་གི་ཉོ་སྒྲུབ་ཟླ་བ།སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས།རིགས་པའི་གཞུང་ལུགས་ཞིབ་འཇུག་གི་གྲུབ་འབྲས་མཉམ་སྤྱོད།“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན་”དྲིལ་བསྒྲགས།པོ་ཏ་མཚོ་ལྗོངས་ཁུལ་གྱི་སྐྱེ་ཁམས་ཚན་རིག་ཁྱབ་གདལ་དང་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་སྤེལ་རེས་སོགས་ཚུད་ཡོད།

    བྱེད་སྒོ་དེ་ཟླ་6པའི་ཚེས་16ཉིན་བར་སྤེལ་ནས་བདེ་ཆེན་གྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་ལྟེ་བར་བྱེད་པའི་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོང་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་དང་།མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད།སྤྱི་ཚོགས་ཡོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ནང་མཉམ་དུ་ཞུགས་པའི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ་དེ་བདེ་ཆེན་གྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མིག་དཔེ་གཏོད་པ།“སེམས་ཀྱི་ཉི་ཟླའི”སྤུས་རྟགས་གསལ་པོར་བཟོ་བ་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།