སྲོད་དུས་ཀྱི་དགའ་ལྡན་སུམ་རྩེན་གླིང་།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2025-06-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


ཞིབ་ཏུ་དྲ་གནས་འདི་བརྒྱུད་ནས་གཟིགས་པར་འཚལ།http://www.shangri-latibet.cn/video/songtsanlin.mp4

  གློ་བུར་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཏུ་འགྲོ་སྙིང་སྐྱེས་པ་ན།  གཅེས་ཕྲུག་མ་ཟབ་སྦྱོང་འཛིན་གྲྭར་བསྐྱལ་རྗེས།   སྲོད་ཀྱི་དུས་ལ་ང་རང་དགའ་ལྡན་སུམ་རྩེན་གླིང་གི་ཕྱོགས་སུ་བསྐྱོད་པ་ཡིན།   དེ་དུས་ཡུལ་སྐོར་བ་རྣམས་སྔར་ནས་རང་གནས་སུ་ལོག་ཚར་ལ།  ཡུལ་མི་རེ་འགའ་ཡང་མཐོང་དཀོན་པའི་ཚོད་དུ་སྣང་། མཚམས་སྤྲིན་གྱི་ཁ་དོག་ནི་ལྷ་མོ་གཡང་མཚོའི་རང་མདངས་ལ་ཆགས་པ་བཞིན་མཚོ་ངོས་ལ་ཐིམ་ནས་བསིལ་རླུང་གི་རྒྱུ་བ་དང་བསྟུན་ཏེ་རླབས་ཀྱི་གཉེར་མས་གར་གྱི་རོལ་རྩེད་མངོན།  དགོན་པའི་རྒྱབ་ན་སྔོ་ལྗང་ནགས་ཚལ་གྱིས་བརྒྱན་པའི་ནགས་རི་ཕྱུག་མོ་བརྗིད་ཉམས་ཀྱིས་འགྱིང་ལ།   མདུན་ན་ལྷ་མོ་གཡང་མཚོ་མེ་ལོང་བཞིན་དུ་གསལ།    བར་ན་དགོན་པ་འདི་ཉིད་སྲོད་དུས་ཀྱི་རབ་རིབ་འོད་སྣང་ཁྲོད་ན་བརྟན་ཆགས་སེར་གནས་ཡོད་པ་ན།  ཕྱི་ནང་བར་གསུམ་གྱི་ངོ་མཚར་བའི་ཁོར་ཡུག་ལས་རང་སེམས་ལ་ལྷིང་འཇགས་ཀྱི་བདེ་བ་སྨྲ་མ་ཤེས་པ་ཞིག་བསྩལ་ཡོང་།