ཁུལ་ཨུས་ཆེད་དོན་ལས་ཀའི་བཀོད་སྒྲིག་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན། ཁུལ་ཨུས་ཆེད་དོན་ལས་ཀའི་བཀོད་སྒྲིག་སྐུལ་སྤེལ་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།ཞིང་ཨུའི་ཆེད་དོན་ལས་ཀའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་སྔར་བས་དོན་འཁྱོལ་དང་།《ཏང་སྲིད་ལས་ཁུངས་ཀྱིས་ཧུར་བསྲི་གྲོན་ཆུང་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་དང་སྒྲིག་འགལ་ངང་བཟའ་བཏུང་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རང་ཁུལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཕེབས་ནས་འབྲེལ་ཡོད་ལས་དོན་སྐོར་གྱི་སྙན་སེང་གསན་པ་རེད།

    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱ་རྒྱུ་ནི་ང་ཚོའི་ཏང་གི་སྲོལ་རྒྱུན་གཟི་བརྗིད་ཅན་དང་ཀུན་སྤྱོད་བཟང་པོ་ཡིན།རིམ་པ་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་ཇེ་མཐོར་བཏང་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དེ་《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས།ཀྲུང་དབྱང་སྐོར་ཞིབ་ཀྱི་ལྡོག་འདྲེན་གནད་དོན་འཕྲལ་མར་ཐག་གཅོད་དང་།ཞིང་ཨུའི་སྐོར་ཞིབ་དང་ཆབ་སྲིད་སྐྱེ་ཁམས་དངོས་སྡོད་ཞིབ་འཇུག་དང་ལྡོག་ལན་སློག་པའི་གནད་དོན་དག་ཐེར་ཡོ་བསྲང་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་ཟུང་འབྲེལ་བྱས།གཞི་གཅིག་ཏུ་ཞིབ་འཇུག་དང་སྐུལ་འདེད་གཏོང་བ་དང་།གཞི་གཅིག་ཏུ་དོན་འཁྱོལ་ཡོང་བར་དམ་འཛིན་བྱས་ཏེ་སྤྱོད་ཚུལ་གྱི་བླང་བྱ་ནན་པོ་དེ་བྱེད་ཐབས་ནན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་ཨུས་བཀོད་སྒྲིག་བྱས་པའི་ཆེད་དོན་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཞིབ་བཤེར་ཚད་གཞི་ཞིག་ཏུ་བརྩིས་ཏེ།ཁུལ་ཡོངས་ཀྱི་བརྟན་ལྷིང་དང་།འཕེལ་རྒྱས།སྣོད་བཅུད།མཐའ་མཚམས་སྲ་བརྟན་བཅས་དོན་ཆེན་བཞི་ལ་སྐུལ་འདེད་དང་འགན་སྲུང་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ཏེ།ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཨུའི་བླང་བྱ་གཞིར་བཟུང་།རེ་རེ་བཞིན་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་།ནན་པོ་དང་སྟབས་བདེ་དང་།ཞིབ་རྩིས་རྒྱག་མཁས་པོ་རྒྱུན་འཁྱོངས་བྱས་ཏེ།འབྲེལ་ཡོད་ཆ་འགྲིག་ལམ་ལུགས་དང་གཏན་འབེབས་འཐུས་ཚང་དུ་གཏོང་བ་དང་།ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་འཚོ་བ་དམ་པོ་སྐྱེལ་བའི་ལམ་ལུགས་དང་གཅུས་གཟེར་སྔར་བས་དམ་པོར་རྒྱག་དགོས།དངོས་གནས་བཙན་པོ་དང་འཐབ་སར་གཅིག་སྡུད་ཀྱིས་སྒྲིག་འགལ་གྱིས་བཟའ་བཏུང་བྱེད་པའི་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་པ་དང་།ཉེ་འགྲམ་གྱི་དོན་དག་གིས་ཉེ་འགྲམ་གྱི་མི་ལ་སློབ་གསོ་བཏང་སྟེ།ཏང་ཡོན་ལས་བྱེད་པར་ཉེན་བརྡ་གཏོང་བ་དང་།བཀུར་ཞིང་སྐྲག་པ།སྒྲིག་ཁྲིམས་སྲུང་བ་བཅས་བྱེད་དུ་བཅུག་སྟེ།ཆེད་དོན་ལས་ཀའི་གྲུབ་འབྲས་དེ་རང་ཁུལ་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པར་འགྱུར་བར་ཁག་ཐེག་བྱེད་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་།ལས་ཀའི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ།རང་རྟོགས་ངང་སློབ་སྦྱོང་སློབ་གསོའི་བླང་བྱ་དང་ཞིབ་བསྡུར་བྱས་ཏེ་གནད་དོན་བཙལ་འཚོལ་གཏིང་ཟབ་དང་བབ་བསྟུན་དག་ཐེར་ཡོ་བསྲང་གི་ཨང་གྲངས་མེད་པ་བཟོ་བ།ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ།བརྡ་ཁྱབ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ་ཡུན་རིང་དོ་དམ་ནན་པོ་དང་ཡུན་རིང་བཅོས་སྐྱོང་གི་ཕུགས་ཕན་ཐུབ་པ་བྱེད་དགོས།

    ཁུལ་འགོ་ཁྲིད་ཀྲུའུ་ཧུང་དང་ལི་དབྱང་། ཁྲིན་ཆོན། ཧུའུ་ཧྥེན་ཞུང་། ལི་ཐའོ་བཅས་ཚོགས་འདུར་ཞུགས་པ་དང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་།ཁུལ་སྲིད་གཞུང་བཅས་ཀྱི་དྲུང་ཆེན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ།ཚོགས་འདུའི་ཐོག་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས་པ་རེད།