རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཞུགས་པ།
བརྟག་ཞིབ་བྱེད་སྐབས་ལུའོ་ཁྲའོ་ཧྥེང་དྲ་ཐོག་འདུམ་འགྲིག་ཁང་དང་། ཁྲིམས་རྩོད་པའི་འདུམ་འགྲིག་ལས་དོན་ཁང་། གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་སྦྲེལ་མཐུད་ལྟེ་གནས། ཉེན་རྟོག་ལས་དོན་བཀོད་འདོམས་ལྟེ་གནས་སོགས་སུ་བསྐྱོད་དེ་ཡིག་བསྐུར་ངོ་བཅར་སྣེ་ལེན་དང་གྱོད་གཞི་སྒྲུབ་གཉེར་སོགས་ཀྱི་ལས་དོན་སྤེལ་ཚུལ་རྒྱུས་ལོན་གནང་བ་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་གནས་ཚུལ་སྙན་སེང་གསན་པ་དང་ཁྲིམས་ཁང་དེའི་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གནང་བ།
ལུའོ་ཁྲའོ་ཧྥེང་གིས་རིམ་གཉིས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་སྟེ། ཆབ་སྲིད་ཀྱི་“སྟོབས་ཤུགས་གསུམ་”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་འཛིན་འདྲི་གཅོད་ཀྱི་“ཕན་འབྲས་གསུམ་”གཅིག་གྱུར་དམ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཀྲི་པུའུ་དེ་ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཞབས་ཞུ་འགན་སྲུང་ལྟེ་གནས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་རང་ངོས་ཀྱི་འགན་འཁྲི་དང་ངེས་གནས་གནད་ལ་འཁེལ་བར་རྙེད་པ། “ཆབ་སྲིད་ཐོག་ནས་ལྟ་བ་དང་ཁྲིམས་སྐྱོང་ཐོག་ནས་སྒྲུབ་པ་”བཅས་གཏིང་ཟབ་དང་ནན་ཏན་ངང་སྒྲུབ་དགོས། ཞིང་ལས་དང་འབྲེལ་བ་ཡོད་པའི་ས་ཆའི་རྩོད་གཞི་དང་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་སོགས་ཀྱི་གྱོད་གཞི་ཁྲིམས་ལྟར་འདྲི་ཞིབ་འོས་འཚམ་བྱས་ཏེ་ཞིང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ལྟེ་བར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འདྲི་གཅོད་ཀྱི་སྤུས་ནུས་ལ་བརྟེན་ནས་དོ་དམ་བྱེད་པ་དམ་འཛིན་བྱས་ཏེ་འདྲི་གཅོད་ལག་བསྟར་བྱེད་པའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། ཕར་ཆིན་རྒྱག་པའི་ནུས་པ་གང་ཡོད་འདོན་ནས་གྱོད་གཞི་ཚང་མ་ཡག་པོ་སྒྲུབ་དགོས། གཏུག་བཤེར་མ་ཡིན་པའི་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་སྔོན་ལ་བཞག་སྟེ། འགལ་བ་དང་རྩོད་གཞི་གཏུག་བཤེར་མ་བྱས་གོང་གི་དུས་རིམ་དུ་སེལ་བར་སྐུལ་འདེད་གཏོང་བ་དང་། གཏུག་བཤེར་གྱི་འབྱུང་ཁུངས་བཅོས་སྐྱོང་བྱས་ཏེ་འགལ་བ་དང་རྩོད་གཞི་ཐག་གཅོད་ནུས་ལྡན་བྱེད་དགོས། གཞི་རིམ་གྱི་རྨང་གཞིའི་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོན་དངོས་གཞི་ཚུགས་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་ར་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱིས་རང་སར་གཏུག་བཤེར་བྱས་ཏེ་མང་ཚོགས་ཀྱི་གཏུག་བཤེར་མ་གནས་ཆུང་དུ་གཏོང་དགོས། “སུས་ཁྲིམས་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་གཞིར་བཟུང་། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། གྱོད་དོན་ལ་གཞིགས་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་མང་ཚོགས་ཀྱི་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས། ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོང་ལ་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ཁང་གི་ལས་དོན་དང་དེང་རབས་ཀྱི་ཚན་རྩལ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆ་འཕྲིན་ཅན་གྱི་ལག་རྩལ་གྱིས་འདྲི་གཅོད་ལག་བསྟར་ལས་དོན་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུ་བར་འཇུག་དགོས། ལས་བྱེད་པའི་རུ་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསོ་སྦྱོང་དང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱེད་པ་དང་ཉེན་རྟོག་པའི་ལས་སྒོའི་ནུས་པ་དང་ཕྱོགས་བསྡུས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་“ཆབ་སྲིད་ཀྱི་ཚད་གཞི་སྔར་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་སྔར་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་སྔར་བས་ཆེ་བ་”བཅས་ཀྱི་བླང་བྱར་བརྟེན་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་དང་ཉེན་རྟོག་པའི་རུ་ཁག་འཛུགས་སྐྱོང་བྱེད་དགོས། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་སྔོན་ཐོན་དཔེ་མཚོན་སྔོག་འདོན་དང་དྲིལ་བསྒྲགས་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་།
ཁྲིན་ཆོན། ཞུང་ཝུན་པིན། ཁྲིན་ཚུང་བཅས་བརྟག་ཞིབ་དང་བཞུགས་མོལ་ཚོགས་འདུར་ཞུགས།