རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་5པའི་ཚེས་22ཉིན།ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་127པ་འཚོགས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་དང་བཀའ་མཆན་གལ་ཆེན་གྱི་དགོངས་དོན། ཞིང་ཨུའི་འབྲེལ་ཡོད་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རང་ཁུལ་གྱིས་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་མ་ཟད། ཉེ་དུས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོག་རྒྱུའི་གཏན་འབེབས་བྱས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཀྲང་ཝེ་ཏུང་། ཕེང་ཧྲན། ཞུས་སི་སི། ལི་ཡན་ལན།མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་སྒྲིག་བཟོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།སྲིད་ཇུས་ཞིབ་འཇུག་གཏིང་ཟབ་དང་།བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ།ལུགས་མཐུན་ངང་དམིགས་འབེན་གཏན་འཁེལ།འཆར་འགོད་འབྲེལ་མཐུད་ལ་སྐུལ་འདེད།ལས་ཡུན་ལྡོག་སྒྲིག་བཅས་བྱས་ནས་སྒྲིག་བཟོའི་ལས་དོན་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆན་ཤིས་གྲོང་ཁྱེར་གྱི་སྤྲོ་གསེང་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།བདེ་འཇགས་ཐོན་སྐྱེད་ཀྱི་གཞི་བཅོས་འགག་སྒྲོལ་གྱི་བྱ་སྤྱོད་ཆེན་པོ་བཅུ་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ།བདེ་འཇགས་ཀྱི་གཞི་ཐིག་མཐའ་གཅིག་ཏུ་སྲུང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་མིར་བསྐུར་བའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་གྱི་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གཞོན་ནུའི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་།ལས་གཏོད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ།“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། རྒྱ་ཆེའི་གཞོན་ནུ་རྣམས་ལ་མཐུན་སྒྲིལ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ནང་ཞུགས་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོ་ཐེངས་སོ་ལྔ་པ་འཆར་ཉེར་ཡོད་པའི་མཚམས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།དབང་པོ་སྐྱོན་ཅན་གྱི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ།དབང་པོ་སྐྱོན་ཅན་གྱི་འགན་ལེན་དང་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་པ།དབང་པོ་སྐྱོན་ཅན་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གིས་ཕྱི་ཕྱོགས་ལས་དོན་ལ་གནང་བའི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”གཞི་རྒྱུ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།རང་འགུལ་ངང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གནས་བབ་ཆེན་པོའི་ནང་ཞུགས་པ།ཕྱི་ཕྱོགས་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་《ཏང་སྲིད་ལས་ཁུངས་ཀྱིས་ཧུར་བསྲི་གྲོན་ཆུང་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》ལག་བསྟར་ནན་ཏན་དང་།སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་བརྟན་པོར་འཛུགས་པ།རྒྱས་སྤྲོས་འཕྲོ་བརླག་གི་བྱ་ངན་སྤྱོད་ངན་ལ་ནན་འགོག་བཅས་བྱས་ཏེ་གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་ཁུལ་ཡོངས་གཞུང་ལས་ཁང་ཁོངས་གཏོགས་ཀྱིས་རྒྱལ་ཡོངས་དང་།ཞིང་ཆེན་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ།རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤིང་།དོན་འཁྱོལ་བྱེད་པར་སྐུལ་འདེད་དང་།གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར།རང་ངོས་འཛུགས་སྐྱོང་བཅས་བྱེད་པའི་ཐད་སྣེ་ཁྲིད་ཡག་པོ་བྱེད་པ་དང་།“འཐབ་ས་དང་པོ་”ལེགས་པོར་བསྐྱོད་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་ཁུལ་ཨུའི་ཞིང་ཨུའི་སྐོར་གཟིགས་ཚོགས་ཆུང་བརྒྱད་པས་བདེ་ཆེན་ལ་སྐོར་ཞིབ་བྱས་པའི་ཚུར་ལན་བསམ་འཆར་གཅིག་སྡུད་དག་ཐེར་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། གནད་དོན་གཅིག་ཀྱང་མ་ལུས་པ་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་དུས་ཐོག་ཏུ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་ཕྱི་ཚུལ་རིང་ལུགས་དག་ཐེར་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་།མངོན་གསལ་དོད་པའི་གནད་དོན་ཡོ་བསྲང་གཏིང་ཟབ་ཏུ་གཏོང་བ།ཁུར་པོ་ཡང་དུ་གཏོང་བའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་སྤེལ་གྱི་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་སྐོར་གྱི་སྐུལ་འདེད་བྱས་ཚུལ་ཉན་པ་དང་།སློབ་སྦྱོང་དང་ཞིབ་གྲོས་ཐོག་མཐའ་བར་གསུམ་དུ་ཁྱབ་དགོས་པ་དང་།གནད་དོན་འཚོལ་བགྲང་བྱེད་སྐབས་མི་དང་བྱ་བར་ཐུག་དགོས།དག་ཐེར་བྱེད་སྐབས་དངོས་གནས་མཁྲེགས་སར་གཏུག་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་བྱས་འབྲས་བརྡ་ཁྱབ་བཏང་བ་དང་།ཁུལ་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་བྱས་འབྲས་ལ་གྲོས་ཞིབ་བྱས་ཏེ་གཟི་བརྗིད་མཚན་སྙན་གྱི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སླར་གསོ་ནན་ཏན་དང་།རྒྱུན་གཏན་ལ་མཐོང་ཆེན།སྔོན་ཐོན་གྱི་གོ་གནས་བརྩོན་ལེན་བྱེད་པར་སྐུལ་འདེད་གཏོང་དགོས།གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་“བཀོད་འདོམས་དབྱུག་པ་”ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན།
《གྲོང་གསེབ་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》གྲོས་ཞིབ་བྱས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།