པད་མ་རི་བོ་རང་བྱུང་སྲུང་སྐྱོང་ཁུལ་དུ་གཟིག་རྒྱུ་བ་མཐོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 ཟླ་5པའི་ཚེས་20ཉིན།   པད་མ་རི་བོ་སྲུང་སྐྱོང་ཁུལ་འཇོལ་ཡན་ལག་ཅུས་བྲག་ཞབས་དོ་དམ་སུའོ་ཡི་ལས་དོན་མི་སྣས་དམར་ཕྱིའི་པར་ཆས་ཀྱི་གྲངས་གཞི་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་བརྙན་ལམ་ཀྱི་དཔྱད་གཞི་རྩ་ཆེན་ཞིག་རྙེད་པ་རེད། བརྙན་ལམ་ཁྲོད་དུ་གཟུགས་སྟོབས་ཆེ་བའི་སྲོག་ཆགས་ཤིག་ནགས་ཚལ་ཁྲོད་དུ་བག་ཕེབས་ངང་འགྲོ་བཞིན་ཡོད་པ་ཤེས་ཤིང་།  དེའི་ལུས་སྟེང་ན་དམིགས་བསལ་གྱི་ཁྲ་རིས་ཡོད་པ་གསལ་པོར་མཐོང་ཡོད། དོ་དམ་སུའོ་ཡིས་མགྱོགས་མྱུར་རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ནས་བརྙན་ལམ་དཔྱད་གཞིའི་ཡིག་རིགས་ལ་དབྱེ་ཞིབ་བྱས་པ་ན།  དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་གཟིག་Panthera pardusཡིན་པ་གཏན་འཁེལ་བྱས། སྔར་ཡང་སྲུང་སྐྱོང་ཁུལ་གྱི་ཁོངས་གཏོགས་ས་གནས་གཞན་དུ་གཟིག་གི་འགུལ་སྐྱོད་གཟུགས་བརྙན་ཐེངས་མང་ལྟ་ཞིབ་ཚད་ལེན་བྱེད་མྱོང་མོད། འོན་ཀྱང་བྲག་ཞབས་ཁོངས་གཏོགས་ས་གནས་སུ་གཟིག་གི་འགུལ་སྐྱོད་བརྙན་རིས་ཐོག་མར་ཟིན་ཐོར་བཀོད་པ་ཡིན་པས། སྲུང་སྐྱོང་ཁུལ་གི་གཟིག་གི་འཚོ་གནས་ཀྱི་ཆ་འཕྲིན་སྣ་མང་ཅན་ཤེས་རྟོགས་དང་། གཟིག་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།