ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་ཏང་འཛུཊ་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོ་དཡིག་དྲ་བ།

    ཟླ་5ཚེས་20ནས་21ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གཞི་རིམ་དུ་བསྐྱོད་དེ་ཏང་གི་འཛུགས་སྐྱོང་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་ནས་ཏང་གི་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུ་དང་ཁུལ་ཨུའི་ལས་དོན་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་། 

  ཅིན་ཅང་གྲོང་རྡལ་དང་།ཧྲང་ཅང་ཤང་།མཐའ་ཆུ་གྲོང་རྡལ།ཐང་སྟེང་ཤང་བཅས་སུ་ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་གཏིང་ཟབ་བྱས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་དང་།ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད།ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད།གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིར་འཚམས་འདྲི་གནང་ཞིང་།ཞིབ་ཕྲའི་ལས་ཀའི་བླང་བྱ་བཏོན་པ།

    ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་ནི་ཏང་གི་སྲིད་སྐྱོང་གི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན།ངེས་པར་དུ་གྲི་དངོ་རང་གཏད་ཀྱི་བློ་སྟོབས་ལ་བརྟེན་ནས་ཞན་ཆ་གསབ་པ་དང་སྟོབས་ཆེར་བཏང་སྟེ་ཆབ་སྲིད་འཛུགས་སྐྱོང་དང་།རྩ་འཛུགས་འཛུགས་སྐྱོང་།སྤྱོད་ཚུལ་འཛུགས་སྐྱོང་།ལམ་ལུགས་འཛུགས་སྐྱོང་སོགས་ཀྱི་ཐད་ནས་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཏང་གི་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་དང་།ཁྲིད་སྟོན་ནུས་པ།ཤུགས་རྐྱེན་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།ཏང་ཡོན་ལས་བྱེད་པས་ཏང་གཤིས་བློ་སྦྱོང་ཟམ་མི་ཆད་པར་སྦྱོང་བརྡར་དང་།ཏང་ཡོན་གྱི་ཐོབ་ཐང་ཡོངས་བསྒྲགས།མིག་དཔེ་སྟོན་པ།རང་དཔེ་གཞན་སྟོན་བཅས་བྱེད་ཕོད་པ།ཐོག་མཐའ་བར་གསུམ་དུ་“བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་”དམིགས་ཡུལ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།མང་ཚོགས་ཀྱི་“ཕོ་བར་དོ་དམ་བྱེད་པའི་”དམངས་འཚོའི་དགོས་མཁོ་ཐག་གཅོད་བྱེད་དགོས་པ་དང་། “ཀླད་པར་དོ་དམ་བྱེད་པའི་”བསམ་བློའི་སྣེ་ཁྲིད་ལས་ཀ་ཡང་ཡག་པོ་སྒྲུབ་དགོས། འགག་རྩའི་དུས་སུ་དཔའ་ངར་ཆེར་བསྐྱེད་དང་རྒྱུན་ལྡན་གྱི་ལས་ཀའི་ཁྲོད་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་ཏང་གི་སྒྲིག་ཁྲིམས་དང་ཏང་གི་གཏན་འབེབས་སློབ་སྦྱོང་ཏན་ཏིག་སྤེལ་ནས། “གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཟབ་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཆེ་བ་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་།

    ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་འཇོག་པ་དང་།“བློ་སྦྱོང་”དང་“རྨང་བརྟན་”ལས་གྲྭ།“བརྒྱད་མཐོང་ལྔ་སྡུར་”གྱི་བྱེད་སྒོ་སོགས་གཞི་རྟེན་གལ་ཆེན་དུ་བཟུང་སྟེ།གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་རྒྱག་པ་དང་། བསམ་བློའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་བ།སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་རྒྱུར་སློབ་གསོ་སྣེ་ཁྲིད་བྱེད་དགོས།རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་པོར་བཟུང་ནས་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་རྒྱུན་མི་ཆད་པར་དོན་དངོས་སུ་འགྱུར་བ་བྱེད་དགོས།གཞི་རིམ་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་དང་། མང་ཚོགས་སྒྲིག་འཛུགས་དང་། ཐོན་ཁུངས་སྡེབ་སྒྲིག་བཅས་ལེགས་སུ་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་ནང་སྐྱེས་ནུས་ཤུགས་སྐུལ་སློང་ལ་གཏོང་དགོས།  གྲོང་ཚོ་དང་སྡེ་ཁུལ་“ཨུ་ལྷན་གཉིས་”ཀྱི་སྐབས་བརྗེའི་ལས་དོན་ཁྲོད་དུ་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འོས་མིའི་ཚད་གཞིའི་ཆ་རྐྱེན་དམ་པོར་འཛིན་པ་དང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་ཀའི་ནུས་པ་ཆེ་བ། མང་ཚོགས་ཀྱི་རྨང་གཞི་ལེགས་པ་བཅས་ཀྱི་གྲོང་ཚོ(སྡེ་ཁུལ་)“ཨུ་ལྷན་གཉིས་”ཀྱི་ཚན་ཁག་བདམས་ཏེ། གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

    ལི་དབྱང་། ཁྲིན་ཆོན་བརྟག་ཞིབ་ལ་ཕེབས་རོགས་ཞུས།