རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5ཚེས་15ཉིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་མཇུག་སྒྲིལ་བ།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་མཇུག་སྒྲིལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་ཆེན་ཐོག་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པ་བདམས་ཐོན་བྱུང་བ་དང་། ཞུས་དབྱིན་ཐའོ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། དབྱིན་ཞུའེ་ཀྲེན། ཀྲེང་ཨའེ་ཕིན་བཅས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ། ལན་ཡུན་དང་། ཞའོ་ལི་ཆུང་། ཁྲེན་དབྱི་ལི། ཀྲའོ་ཝུན་ཞའོ། ཁྲེན་ཀོང་ཧྥུན་བཅས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འགན་གཅིག་ལྕོགས་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ། ཚུན་ཡུང་ཆིན་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གནས་སྦྱར་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ། མ་དབྱིན་སོགས་བློ་མཐུན་8ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་བ།
ཚོགས་འདུའི་ཐོག 《བདེ་ཆེན་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་སྙན་སེང་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ་རེད།
གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་བུད་མེད་འཐུས་མིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། “བློ་སྦྱོང་” དང “རྨང་གཞི་བརྟན་གཏོང་”གི་ལས་ཀ་ཆེན་པོ་གཉིས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བུད་མེད་ཀྱི་ཀླད་པར་དྲག་ཆས་སྤྲས་པ། རྒྱ་ཆེའི་བུད་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། གཞི་རིམ་བཅོས་སྐྱོང་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། བདེ་ཆེན་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཁྲོད་བུད་མེད་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། འགན་ནུས་འདོན་སྤེལ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་འཇུག་གཞི་གནད་ལ་འཁེལ་བར་འཚོལ་བ། རྒྱ་ཆེའི་བུད་མེད་རྣམས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་གྲོང་གསེབ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས། ཚན་རྩལ་གསར་གཏོད། ཁྱིམ་ཚང་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་ཧུར་ཐག་ངང་ཞུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཁྲོད་བུད་མེད་ཀྱི་ཉམས་འགྱུར་མངོན་པར་བྱེད་དགོས། འགན་འཁྲི་ཧུར་ཐག་འཁུར་ནས་བྱས་རྗེས་འཇོག་པ་དང་། ཁེ་དབང་སྲུང་སྐྱོང་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཡུལ་སའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པར་ཐུགས་ཁུར་དང་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དང་། དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲོད་བུད་མེད་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས། བསྒྱུར་བཅོས་གསར་གཏོད་ཟབ་སྤེལ་དང་། དཔུང་ཁག་འཛུགས་སྐྱོང་དང་། སྤྱོད་ཚུལ་འཛུགས་སྐྱོང་། ཁྱོན་ཡོངས་ལ་ཞབས་ཞུ་བཅས་ཀྱི་ཐད་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་བུད་མེད་གདོང་ལེན་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན།