ས་གནས་ཁག་གིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།“སློབ་སྦྱོང་དང་། འཚོལ་བཤེར། བཅོས་སྒྲིག”བཅས་ལ་དམ་པོར་དམིགས་ནས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-21   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ས་གནས་ཁག་གིས་བརྗོད་དོན་གཙོ་བོར་དམིགས་པ་དང་ཕན་འབྲས་ལ་སྣང་ཆེན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ་སློབ་སྦྱོང་དང་། འཚོལ་བཤེར། བཅོས་སྒྲིག་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གཤིས་ཞུན་བརྡར་དང་བསམ་བློའི་གོ་རྟོགས་མཐོ་རུ་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཁྲིད་སྟོན་བྱས་ཡོད།

    ཟབ་སྦྱོང་དང་མཐིལ་རྟོགས་ལ་ཤུགས་སྣོན་བརྒྱབ་པ།

    ས་གནས་ཁག་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་ཀྲུང་དབྱང་གིས་སྣེ་ཁྲིད་པ་དང་ཏང་ཡོངས་ཀྱིས་བྱ་སྤྱོད་སྤེལ་བའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་བྱ་ཐབས་ནུས་ལྡན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དང་གསོག་འཇོག་བྱས་པའི་རྩ་ཆེའི་ཉམས་མྱོང་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཡོད།

    ཐེན་ཅིན་གྲོང་ཁྱེར་ཏུང་ལི་ཆུས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཞིང་། ཆུས་ཡོངས་ཀྱི་ཏང་ཀྲི་པུའུ་1281གིས་སློབ་སྦྱོང་གི་འཆར་གཞི་བཟོས་ནས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། 《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས》ཇི་མ་ཇི་བཞིན་སློབ་སྦྱོང་བྱས་ནས་མ་ཡིག་གི་རྩ་བའི་རིག་པ་ཁོང་དུ་ཆུད་པ་དང་བརྗོད་བྱའི་སྙིང་དོན་གོ་བ་ལེན་ཐུབ་པར་བྱས་ཡོད།

    ནང་སོག་རང་སྐྱོང་ལྗོངས་པཱ་ཡན་ཀྲོ་ཨེར་གྲོང་ཁྱེར་གྱིས་ཕྱོགས་མི་ཏང་ཡོན་ལ་དམ་པོར་དམིགས་ནས“རྩ་འཛུགས་ཀྱིས་ཏང་ཡོན་འཚོལ་བ་དང་། ཏང་ཡོན་གྱིས་རྩ་འཛུགས་འཚོལ་བ། ཏང་ཡོན་གྱིས་ཏང་ཡོན་འཚོལ་བ”སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས“གཅིག་སྡུད་སྣེ་ཁྲིད་སློབ་སྦྱོང”གིས་དཔེ་སྟོན་སློབ་སྦྱོང་དང་། “སློབ་སྦྱོང་སྒོ་ཁར་སྐྱེལ་བའི”འགན་ལེན་སློབ་སྦྱོང་། “དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ་གྱི་སློབ་སྦྱོང་བརྒྱུད་ཕྱོགས་མི་ཏང་ཡོན་ཚུད་པའི་ཏང་ཡོན་ལས་བྱེད་པས་སྦྱོང་དགོས་རིགས་ཚང་མ་སྦྱོང་ཐུབ་པར་བྱས་ཡོད།

    ཧྲན་ཏུང་ཞིང་ཆེན་པིང་ཀྲོའུ་གྲོང་ཁྱེར་གྱིས་གཞོན་ནུ་ལས་བྱེད་པའི་ཁྱད་ཆོས་ཁོང་དུ་ཆུད་པར་སྣང་ཆེན་གྱིས་དྲན་སྐུལ་དོགས་ཟོན་དང་རང་རྟོགས་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་གཙོ་བོར་བྱས་ཏེ། “བརྗོད་དོན་གཙོ་བོའི་གསོ་སྦྱོང་རེས་སྐོར་གཅིག་བྱེད་པ་དང་། ཉེན་བརྡའི་སློབ་གསོ་ཐེངས་གཅིག་སྤེལ་བ། བགྲོ་གླེང་དང་སྤེལ་རེས་ཐེངས་གཅིག་སྒྲིག་འཛུགས་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཁག་གཅིག་བཤེར་འདོན་བྱེད་པ། ལམ་ལུགས་ཀྱི་ཚད་གཞི་ཆ་ཚང་ཞིག་བཟོ་བ། བརྟག་ཞིབ་དང་འཚམས་ལན་ཐེངས་གཅིག་བྱེད་པ”བཅས་ཀྱི“གཅིག་རེ་དྲུག”གི་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་དང་། འཚོལ་བཤེར་ནན་པོ། མཐའ་གཅིག་ཏུ་བཅོས་སྒྲིག་བཅས་བྱེད་པར་སྐུལ་འདེད་བཏང་ཡོད།

    ཅང་སུའུ་ཞིང་ཆེན་ཀའོ་ཡིའུ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི“བློ་འདུས་གཏམ་བཤད་སྟེགས་བུ”དང་། ལས་ཁུངས་ཀྱི་ལས་བྱེད་པའི“ཅུས་ཀྲང་གིས་གཏམ་བཤད་སྤེལ་བ”གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི“སྣེ་ཁྲིད་པས་མཐུན་རྐྱེན་སྦྱོར་བ”སོགས་གསོ་སྦྱོང་སྣ་ཚོགས་ནང་བཅུག་སྟེ། ལས་བྱེད་པའི་སྤྱོད་ཚུལ་དང་ལས་སྒོ་གཉིས་ཀ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    འཚོལ་བཤེར་གནད་འཁེལ་དང་དོན་དངོས་འཚོལ་ཞིབ་ཐད་ནུས་ཤུགས་བཏོན་པ།

    ས་གནས་ཁག་གིས་ཧུར་བརྩོན་ཆེན་པོས་ཚད་གཞི་དང་ཡང་ཡང་བསྡུར་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་ལྷག་པའི་གནད་དོན་ཕྱོགས་ཡོངས་ནས་འཚོལ་བཤེར་གཏིང་ཟབ་བྱས་པ་དང་གནད་དོན་གྱི་འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱས་ཡོད།

    ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་གྱིས་སྒོ་དབྱེའི་སློབ་གསོ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཡོད། ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི“འགག་རྩའི་དོན་ཆུང”ལ་དམ་པོར་དམིགས་ཏེ། “ཏང་ཡོན་གྱིས་ཁྱིམ་ཚང་དུ་བསྐྱོད་པ་དང་སེམས་རྩ་འཁོལ་བའི་འཚམས་འདྲི་བྱེད་པ”སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཏེ། གཞི་རིམ་མང་ཚོགས་ལ་འཚམས་འདྲི་བྱས་པ་མ་ཟད། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདུན་བསྡུ་རུབ་བྱས་ཡོད།

    ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཀྲོའུ་ཡིས་གནད་དོན་བཤེར་འདོན་ནན་ཏན་བྱས་ནས་ཉེན་བརྡ་གཏོང་བའི་ཕན་ནུས་ཆེ་རུ་བཏང་ཞིང་། ཀྲོའུ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་11ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་གསལ་ཐོ་2དང་བསྡུར་ནས་སྤྱོད་ཚུལ་ལེགས་སུ་གཏོང་བའི་དྲང་ཕྱོགས་ཀྱི་གྱོད་དཔེ་ཁག་20དང་དཔེ་མཚོན་གནད་དོན་གྱི་གྱོད་དཔེ་36ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་ལ་གནད་དོན་གནད་སྨིན་ངང་བཤེར་འདོན་བྱེད་རོགས་བྱས་ཡོད།

ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཡུས་ཧུང་ཆུས་ཀྱིས་གནད་དོན་གཉིས་ཀྱི་གསལ་ཐོའི་གནད་དོན་ཁག་28དང་བསྡུར་ནས་སྒྲིག་བཤེར་ལྟ་ཞིབ་དང་། སྐོར་ཞིབ་ལྟ་ཞིབ། རྩིས་བཤེར་ལྟ་སྐུལ་སོགས་ཀྱི་ཐབས་ལམ་སྤྱད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། འདྲི་རྩད་བཞུགས་མོལ། དམངས་འཚོའི་ཐད་སྦྲེལ་ཁ་པར་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་ལྷག་པའི་གནད་དོན་ཕྱོགས་ཡོངས་ནས་འཚོལ་བཤེར་གཏིང་ཟབ་བྱས་ཤིང་།  མིག་སྔར་ཆུས་ཐད་གཏོགས་ཚན་པ་70ཡིས་གནད་དོན་300ལྷག་ཙམ་བཤེར་འདོན་བྱས་ཡོད།

    ཧོ་ནན་ཞིང་ཆེན་ཕུའུ་དབྱང་རྫོང་གིས་སྒྲིག་བཤེར་ལྟ་ཞིབ་དང་། བརྟག་དཔྱད་ཞིབ་འཇུག ཡིག་འབུལ་ཞུ་བཅར་སོགས་ཀྱི་ཐབས་ལམ་ཕྱོགས་བསྡུས་ངང་སྤྱད་དེ་གཙོ་གནད་བཤེར་འདོན་དང་ཆེད་དོན་བཅོས་སྒྲིག་བྱས་པ་མ་ཟད། བཤེར་འདོན་ཐུབ་པའི་གནད་དོན་རིགས་དབྱེ་ནས་གསེད་བཀྲོལ་ཡག་པོ་དང་རྩིས་ཐོ་བཟོས་ཏེ་གནད་དོན་གྱི་ངོ་བོ་དང་། དག་ཐེར་བྱེད་ཐབས། དག་ཐེར་གྱི་དུས་བཅད་བཅས་ཁ་གསལ་བཟོས་ཡོད།

    གནད་སྨིན་དག་ཐེར་ལ་ཕན་འབྲས་དངོས་ཐོན་པ།

    ས་གནས་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གཙོ་གནད་བཅོས་སྒྲིག་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། དམ་ནན་གྱི་བྱེད་ཐབས་ལ་བརྟེན་ནས་གནད་སྨིན་དག་ཐེར་བྱས་ཐོག སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    ཧེ་ལུང་ཅང་ཞིང་ཆེན་ཅིས་ཤིས་གྲོང་ཁྱེར་གྱིས་མཁྲེགས་སར་གཏུག་ཕོད་པ་མཐའ་འཁྱོངས་བྱས་ཏེ། མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་ཐོ་ཁོངས་སུ་བཅུག་ཅིང་། དག་ཐེར་དོན་འཁྱོལ་བྱེད་རིང“སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་བྱེད་པར་སྣང་ཆེན་གྱིས་འབྲེལ་ཡོད་ཚན་པར་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་ཁང་གིས་དམིགས་འཛུགས་སྨན་སིལ་ཚོང་ཁང་ལ་གཅིག་འདོམས་ལྟ་ཞིབ་ཚད་ལེན་བྱེད་པའི་དོ་དམ་ལམ་ལུགས་སོགས་ལམ་ལུགས་ཁག་160ལྷག་ཙམ་འཛུགས་པར་སྐུལ་འདེད་བཏང་ནས“གནད་དོན་གཅིག་དག་ཐེར་བྱེད་པ་དང་། ལམ་ལུགས་ཆ་ཚང་གཅིག་འཐུས་སྒོ་ཚང་དུ་གཏོང་བ། སྐྱོན་ཆ་ཁག་གཅིག་སེལ་བ”བཅས་མངོན་འགྱུར་བྱས་པ་རེད།

    ཁྲུང་ཆིང་གྲོང་ཁྱེར་ལེང་ཕིང་ཆུས་ཀྱིས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛོལ་བ་དང“ངོ་སོའི་ལས་གཞི”སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དབྱེ་འབྱེད་ཞིབ་ཚགས་བྱས་ཏེ་གནད་དོན་གྱི་གསལ་ཐོ་ཁག་116བཟོས་པ་དང་སྒྲིག་བཤེར་ལྟ་ཞིབ་དང་ཆུས་ཨུད་ཀྱི་སྐོར་ཞིབ་སོགས་ཀྱི་བྱེད་སྟངས་བརྒྱུད། གཅིག་སྡུད་བཅོས་སྒྲིག་བྱས་ནས་གྲངས་འཛིན་ཅན་གྱི་རྗེས་སྙེག་དང་། མངོན་ལྐོག་ཞིབ་བཤེར། སྟབས་བསྟུན་འཐེན་བཤེར་སོགས་ཀྱི་བྱེད་སྟངས་སྤྱད་དེ་རྗེས་སྙེག་ལྟ་སྐུལ་བྱས་པས“དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པའི”འགན་ལེན་བྱས་པ་རེད།

    སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་གྱིས་སློབ་སྦྱོང་བྱེད་ཀྱིན་ཞིབ་བསྡུར་དང་གནད་དོན་བཤེར་འདོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས། གཅིག་སྡུད་བཅོས་སྒྲིག་བྱེད་པའི“འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། རང་འགན་གཞན་དཀྲི”སོགས་ཀྱི་གནད་དོན་ལ་དམིགས་ཏེ་ལས་བྱེད་པས་རང་འགན་ཐེག་པ་འཁུར་ལེན་བྱེད་པར་སྐུལ་ལྕག་གཏོང་བའི་བྱ་ཐབས་ཁག་བརྒྱད་བཏོན་ནས། ལས་ཁུངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ་དང་། ཐོན་ལས་རྣམ་གྲངས་སྦྱོང་བརྡར། ཁས་ལེན་གཙོ་འགན་འགག་སྒྲོལ་སོགས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་འཕེལ་བར་བྱས་པ་རེད།

    ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཧྥུའུ་སུའེ་རྫོང་གིས“དག་ཐེར”བྱེད་རིང་། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། འགོ་ཁྲིད་ལས་བྱེད་པ་སྒོ་རྩར་བསྐྱོད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་བ་བརྒྱུད། ཁེ་ལས་ལ་དགོས་མཁོ་འདྲི་བ་དང་དམངས་ལ་ཇུས་དྲིས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་བྱེད་ཐབས་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཕན་འབྲས་དངོས་སུ་ཏན་ཏིག་འགྱུར་བར་བྱས་ཡོད།