བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་14ཉིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འགོ་ཚུགས་པ།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་ནོར་བུ་གཡང་འཛོམས་ཀྱིས་ཤིས་ཚིག་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཡིས་གཙོ་སྐྱོང་གནང་།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། བདེ་ཆེན་གྱི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་།སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས།ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་དང་བུད་མེད་ལས་དོན་པ་བཅས་ལ་ལྷག་བསམ་རྣམ་དག་ངང་འཚམས་འདྲི་གནང་བ། ཁོང་གིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན།ཁུལ་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་གནང་བ་དང་། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གཞི་རིམ་ལ་གཞི་ཚུགས་་ནས་བུད་མེད་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས།ཁུལ་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བུད་མེད་ཀྱི་ལེགས་སྐྱེས་ཕུལ་ཡོད་ལ།ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་བདེ་ཆེན་གྱི་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པ་དང་།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་གཏོང་བའི་ཡུལ་དངོས་དང་རིམས་ནད་ལ་འགོག་རྒོལ་གྱི་མདུན་གྲལ། ཁྱབ་ཁོངས་ཁག་ཏུ་གསར་གཏོད་ལས་གཏོད་དང་ལས་རིགས་ཁག་ཏུ་འབད་འཐབ་ཡར་བརྩོན་བྱས་ནས་སྔོན་ཐོན་མིག་དཔེ་དང་སྔོན་ཐོན་དཔེ་བཟང་འབོར་ཆེན་ཞིག་ཐོན་ཡོད་པ་རེད།

    ལུའོ་ཁྲའོ་ཧྥེང་གིས། མིག་སྔར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད། རྒྱ་ཆེའི་བུད་མེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སེམས་གཅིག་བསྒྲིལ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་སུ་བརྩིས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་དགོས།ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་འཁུར་ཕོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ལ་སྣེ་ཁྲིད་བྱེད་དེ་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱས་ཏེ།ཁྱིམ་ཚང་དཔལ་ཡོན་གྱི་དཔེ་སྟོན་བྱེད་མཁན་དང་། ཡུལ་སྲོལ་ཡ་རབས་ཀྱི་སྣེ་ཁྲིད་པ། ཁྲིམས་སྐྱོང་བདེ་ཆེན་གྱི་ལག་ལེན་བྱེད་མཁན་བཅས་བྱས་ནས། ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ།  བདེ་ཆེན་བུད་མེད་ཀྱི་ཕུལ་བྱུང་གཤིས་རྒྱུད་དར་སྤེལ་བཏང་ནས་འགན་འཁྲི་འཁུར་ཕོད་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཁྲོད་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་པའི་ནན་བཤད་གནང་།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་བུད་མེད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ཏེ་ཏང་གི་འདོད་ཚུལ་དེ་རྒྱ་ཆེའི་བུད་མེད་ཀྱི་རང་རྟོགས་དོན་གཉེར་དང་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་རྒྱ་ཆེའི་བུད་མེད་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱེད་དགོས། རང་འགུལ་ངང་བྱ་སྤྱོད་སྤེལ་ནས་རྒྱ་ཆེའི་བུད་མེད་དང་འབྲེལ་གཏུག་དང་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩི་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གཏིང་ཟབ་ཏུ་དོན་འཁྱོལ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་དེ་གོ་སྐབས་སུ་བྱས་ཏེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ཁྲོད་དུ“གནམ་ཕྱེད”ལེའུ་གསར་པ་མུ་མཐུད་རྩོམ་དགོས་ཞེས་པའི་བླང་བྱ་བཏོན།

    ནོར་བུ་གཡང་འཛོམས་ཀྱིས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།ཁོ་མོས་དུས་ཡུན་རིང་དུ་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བུད་མེད་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བུད་མེད་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དེ་ལྟེ་བའི་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་ཇུས་འགོད་ནང་བཅུག་ནས་བུད་མེད་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་སྒྱུར་བཅོས་དང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་དུས་རབས་གསར་པའི་བདེ་ཆེན་གྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་མཆོང་སྐྱོད་གསར་པ་བྱུང་ཡོད་ཅེས་བཤད་པ་དང་།ཁོ་མོས་བདེ་ཆེན་ཁུལ་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སེམས་གཅིག་ཏུ་བསྒྲིལ་ཏེ་རྒྱ་ཆེའི་བུད་མེད་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲང་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་དགོས།བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད“གནམ་ཕྱེད་ཀའི”སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་རྒྱ་ཆེའི་བུད་མེད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་དགོས།རྒྱལ་གཅེས་ཁྱིམ་གཅེས་དང་།ཕན་ཚུན་དགའ་གཅེས།ཡར་རྒྱས་དོན་གཉེར།མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་ཡ་རབས་སྲོལ་བཟང་གསར་པར་བརྟེན་ནས་ཁྱིམ་ཚང་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རྒྱ་ཆེའི་བུད་མེད་ཚོས་མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཅས་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་མི་བྱེད་པའི”འགན་འཁྲིའི་བསམ་པས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་དང་བུད་མེད་ལ་ཞབས་འདེགས་ཞུ་བའི་འགན་ནུས་ལག་བསྟར་བྱས་ཏེ་རྒྱ་ཆེའི་བུད་མེད་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་གང་ལེགས་ཚོར་ཐུབ་པ་བྱེད་དགོས་པའི་རེ་བ་བཏོན།

    ཁུལ་ཨུའི་རྒྱུན་ཨུ།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱིས་འབྲེལ་ཐུག་འགོ་ཁྲིད་འགོ་ཚུགས་ཚོགས་འདུར་ཞུགས་ཤིང་།མང་ཚོགས་ཚོགས་པའི་འཐུས་མིས་རྟེན་འབྲེལ་ཞུ་བའི་ཤིས་ཚིག་གནང་།རང་ཁུལ་སྐབས་རིམ་བྱུང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་།ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བུད་མེད་འགོ་ཁྲིད་ལས་བྱེད་པ་འགའ། ཁུལ་རིམ་པའི་ཁྲུའུ་རིམ་པ་ཡན་གྱི་བུད་མེད་འགོ་ཁྲིད་ལས་བྱེད་པ་དང་།ཁུལ་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཁག་གི་འབྲེལ་ཡོད་འགོ་ཁྲིད།ལས་རིགས་ཁག་ནས་ཡོང་བའི་བུད་མེད་འཐུས་མི་བཅས་ཞུགས་པ་རེད།

    ཚོགས་ཆེན་ཐོག་བདེ་ཆེན་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་ལག་བསྟར་ཨུ་ལྷན་གྱི་ལས་དོན་སྙན་སེང་གསན་པ་དང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ལག་བསྟར་ཨུ་ལྷན་འདེམས་བསྐོ་བྱ་རྒྱུ་རེད།