འཇོལ་རྫོང་གི་གཅིག་བསྡུས་ལོགས་བཀར་མི་སྣ་ཁག་དང་པོ་ལོགས་བཀར་ལས་གྲོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་8པའི་ཚེས་21ཉིན།  ཉིན་10ཡི་གསོ་རིག་ལྟ་ཞིབ་བརྒྱུད་བརྟག་དཔྱད་ཁག་ལོགས་བཀར་ལས་གྲོལ་བའི་བླང་བྱ་དང་མཐུན་རྗེས།  འཇོལ་རྫོང་གི་གཅིག་བསྡུས་ལོགས་བཀར་བྱས་ཡོད་པའི་མི་སྣ་ཁག་དང་པོ་གྲོལ་ནས་ཡུལ་ལ་ལོག་པའི་ལམ་དུ་ཞུགས་པ་རེད།

        ཡུལ་དངོས་སུ་ལས་བྱེད་མི་སྣ་ཡིས་གོ་རིམ་ལྡན་པའི་ངང་ལོགས་བཀར་ལས་གྲོལ་བའི་མི་སྣ་དག་ལ་རེ་རེ་བཞིན་ལོགས་བཀར་ལས་གྲོལ་བའི་གསལ་བརྡའི་ཡི་གེ་དང་གཅེས་སེམས་ཁ་ཏོག་ཁུག་མ་བཏང་ཡོད་པ་དང་ཁོ་ཚོ་ལ་ཅ་ལག་སྐྱེལ་རོགས་བྱས་ཡོད་པ་མ་ཟད། ཞིབ་ཚགས་སྒོས་རིམས་འགོག་ཤེས་བྱ་དང་བདེ་ཐང་མཛུབ་སྟོན་འགྲེལ་བཤད་བྱས་ཡོད་པ་རེད།  གཅིག་བསྡུས་ལོགས་བཀར་ལས་གྲོལ་བའི་མི་སྣ་དག་གིས་གཅིག་བསྡུས་ལོགས་བཀར་བྱེད་པའི་དུས་རིང་དུ་སྨན་བཅོས་མི་སྣ་དང་ལས་བྱེད་མི་སྣ་ཚོའི་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེལ་འབུལ་བ་ལ་བཀའ་དྲིན་ཆེ་ཞུས་པ་མ་ཟད།  ཡུལ་ལ་ལོག་རྗེས་ནན་ཏན་སྒོས་ཁྱིམ་དུ་རང་ཉིད་ལོགས་སྡོད་ཡག་པོ་བྱ་རྒྱུ་ཡིན་ཏེ་རང་ཉིད་དང་ཁྱིམ་མི།  སྤྱི་ཚོགས་བཅས་ལ་འགན་ཁུར་རྒྱུ་ཡིན་པར་བསྟན།