སེམས་ཀྱི་ཉི་ཟླ། ཁམས་བཟང་ཞེས་པའི་བྱ་རིམ་ཐོག་AIམཉམ་པར་ལེན་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་8པ་ནས་བཟུང་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་སེམས་ཀྱི་ཉི་ཟླ། ཁམས་བཟང་ཞེས་པ་དངོས་སུ་སྤྱོད་འགོ་ཚུགས། ཆ་འཕྲིན་གསར་ཤོས་དང་།བྱ་འགུལ་བསྡུ་རུབ། VRཐོག་ནས་བདེ་ཆེན་ལ་ལྟ་བ་སོགས་རྣམ་གྲངས་ཆེ་གྲས་7སྒྲིག་བཀོད་བྱས་ཡོད་པ་རེད། བྱ་འགུལ་བསྡུ་རུབ་དང་AIདང་མཉམ་པར་རྒྱག་པའི་བྱེད་སྒོར་ཞུགས་མཁན་ལ་བྱ་དགའ་ཆེན་པོ་ལེན་ཐུབ།

    མི་ལ་ལས་ད་ཆ་ཀྲུང་གོ་ཕྱེད་ཙམ་གྱི་མི་ཚང་མ་ཡུན་ནན་དུ་ཡོད་འདུག་ཟེར། འདི་ལས་ཡུན་ནན་དུ་ཡུལ་སྐོར་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་ཤེས་ཐུབ། གལ་ཏེ་ཁྱེད་ཀྱིས་མི་ཚོགས་ཀྱིས་ཁེངས་པའི་རྒྱབ་ལྗོངས་སུ་པར་རྒྱག་འདོད་མེད་པའམ་ཡང་ན་ཁྱེད་ཀྱིས་རང་ཁྱིམ་ནས་སྒོར་ཐོན་མི་དགོས་པར་བདེ་ཆེན་དུ་ཡུལ་སྐོར་བྱེད་འདོད་ཡོད་ན།ད་ལྟ་སེམས་ཀྱི་ཉི་ཟླ། ཁམས་བཟང་ཞེས་པའི་བྱ་རིམ་ཆུང་ངུར་ཞུགས་ནས་ང་དང་སེམས་ཀྱི་ཉི་ཟླའི་དབར་མཉམ་པར་རྒྱག་ཅེས་པའི་AIདང་མཉམ་དུ་པར་བརྒྱབ་པའི་ལེབ་ཚན་དུ་རང་ཉིད་ཀྱི་འདྲ་པར་སྐྱེལ་འཇོག་བྱས་ནས། རྡོ་མཁར་རྫོང་དང་།གཟིག་རི་རྩྭ་ཐང་།འབའ་ལྷག་དཀར་རྫོང་སོགས་མཛེས་ལྗོངས་ཁུལ་མང་པོ་ཞིག་དང་མཉམ་དུ་པར་རྒྱབ་ཆོག་པ་རེད།

    AIཡི་མཉམ་པར་རྒྱག་པའི་བྱེད་སྒོ་ཕུད་བྱ་རིམ་ཆུང་ངུའི་ནང་ད་དུང་སྐད་རིགས་སྣ་མང་གི་གསར་འགྱུར་དང་ཡུལ་སྐོར་ཆ་འཕྲིན་ཚུད་ཡོད་པས་དུས་ཐོག་ཏུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྤྲོ་སྣང་ལྡན་པའི་ནང་དོན་མཁོ་འདོན་བྱེད་ཐུབ། VRཐོག་ནས་བདེ་ཆེན་ལ་ལྟ་བ་དང་VRགཏམ་རྒྱུད་ཀྱི་ལེབ་ཚན་སྟེང་ཡུལ་ལྗོངས་ཧྲིལ་པོའི་པར་རིས་དང་ཡུལ་ལྗོངས་ཧྲིལ་པོའི་བརྙན་ལམ་གྱིས་ཁྱེད་ལ་བདེ་ཆེན་གྱི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་ཚོར་དུ་བཅུག་ཐུབ།

    སེམས་ཀྱི་ཉི་ཟླ། ཁམས་བཟང་ཞེས་པའི་སྐད་འཕྲིན་བྱ་རིམ་ཆུང་ངུ་དེ་ཀྲུང་གུང་ཡུན་ནན་ཞིང་ཨུ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་དང་ཁུན་མིང་ཆ་འཕྲིན་གྲུ་ཁ་ཡིས་གཙོ་གཉེར་བྱས་པ་ཞིག་རེད། བྱ་རིམ་ཆུང་ངུ་སྤྱོད་འགོ་ཚུགས་པ་དེས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཁྱབ་གདལ་བཏང་ནས་ཉེ་བའི་ལོ་ཤས་རིང་གི་བདེ་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན་བྱ་རྒྱུ་རེད།