སེམས་ཀྱི་ཉི་ཟླའི་ལྕཊ་ལམ་བབས་ཚུཊ་ཀྱི་སྒྲིག་བཟོ་མཇུག་འགྲིལ་ཉེར་ཡོད

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།  ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་བབས་ཚུགས་དང་ཡང་ཐང་བབས་ཚུགས་ཀྱི་ཁང་པ་སྒྲིག་བཟོའི་ལས་དོན་མཇུག་འགྲིལ་ཉེར་ཡོད་པ་རེད།

    སེམས་ཀྱི་ཉི་ཟླ་བབས་ཚུགས་ནི་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་གྲོང་འདབས་སུ་གནས་ཡོད་པ་དང་།  རི་རྩེ་བརྩེགས་པའི་གངས་རི་ཞེས་པ་ཇུས་འགོད་འདུ་ཤེས་སུ་བྱས་ཏེ་བཟོ་སྐྲུན་སྤྱི་ཡོངས་ཀྱི་བཟོ་དབྱིབས་ཇུས་འགོད་ཀྱི་ཚོར་བ་ནི་ཤར་ཁ་གངས་རི་ལས་བྱུང་བ་རེད།  བབས་ཚུགས་ཀྱི་ཁང་པར་བོད་ལུགས་བཟོ་སྐྲུན་གྱི་ཤིང་གི་ལྷུ་ལག་དང་བྱ་འདབ་ཁ་སོགས་མཉམ་འདྲེས་བྱས་ཡོད་པ་དང་སྦྲགས། བོད་ལུགས་ཀྱི་མཁར་རྫོང་དང་སྐས་དབྱིབས་སྒེའུ་ཁུང་སོགས་ཀྱི་གཞི་རྒྱུ་ཡང་བཟོ་སྐྲུན་ནང་བེད་སྤྱོད་བྱས་ཡོད་ལ།   མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཁྱོངས་བྱས་ཡོད་པའི་དུས་མཚུངས་སུ་དུས་རབས་གསར་པའི་རྣམ་པ་མངོན་ཡོད།  བབས་ཚུགས་འདིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུབ་བཞི་མ་9958ཡོད་པ་དང་ཆེས་མང་ན་མི་2000ཤོང་ཐུབ་པ་རེད།



  ཡང་ཐང་བབས་ཚུགས་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་གནས་ཡོད་པ་དང་།  མཐོ་སྒང་གི་ཡང་རྩེ་ཞེས་པ་ཇུས་འགོད་འདུ་ཤེས་སུ་བྱས་པ་དང་། བབས་ཚུགས་ཀྱི་ཁང་པ་ལ་ངོས་ཚུགས་ཀྱི་ཤེལ་སྒོ་དང་རྡོ་རྒྱུའི་གྱང་སྲབ་མཐུག་འགྱུར་ལྡོག་བྱུང་སྟེ་བཟོ་སྐྲུན་གྱི་ཉི་འོད་དང་དྲོད་སྲུང་གི་ནུས་པ་གཉིས་ཀ་ལྟ་རྟོག་བྱས་ཡོད།  ཞིབ་ཕྲའི་གནས་ལ་ཡུན་ནན་གྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྱད་ཆོས་དང་ས་གནས་དེ་གའི་ཁྱད་ཆོས་མངོན་ཡོད།  བབས་ཚུགས་འདིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུབ་བཞི་མ་1499ཡོད་པ་དང་ཆེས་མང་ན་མི་300ཤོང་ཐུབ་ལ།  བབས་ཚུགས་ཀྱི་གཞོགས་གཅིག་ཏུ་སྨི་གྲུབ་བཞི་མ་2211ཟིན་པའི་རླངས་འཁོར་བཞག་ས་ཞིག་བཟོ་ཡོད་པ་རེད།