ཁྱེད་རྣམ་པར་གུས་འདུད་ཞུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    མིག་སྔར་རྒྱལ་ནང་གི་ཡུལ་སྐོར་གནས་མཆོག་མང་པོ་ཞིག་ཏུ་གློ་བུར་དུ་འདུ་འཛོམས་རང་བཞིན་གྱི་རིམས་ནད་བྱུང་འདུག ཡུན་ནན་ནས་བོད་ལྗོངས་དང་སི་ཁྲོན་དུ་སྐྱོད་པའི་སྒོ་ཆེན་བྱང་མ་སྟེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཡུན་བོད་ལམ་ཐིག་གི་འགྲིམ་འགྲུལ་གྱི“བདེ་འཇགས་དང་ཤར་གཏོང་འགན་ལེན་བྱེད་པའི”ལས་དོན་ཡག་པོ་བསྒྲུབས་ནས།རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་ངང་སྒྲུབ་པ་དང་ཆབས་ཅིག་ལམ་བར་གྱི་འགྲུལ་པར“ཡུན་ནན་གྱི་བརྩེ་སེམས་”བསྐྱལ་བ་རེད།