ཁ་པར་གྱི་གློག་གསོག་ཁུང་ཁ་འོག་ཏུ་ཡོད་པའི་རྒྱུ་མཚན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-18   རྩོམ་ཁུངས།    མི་དམངས་དྲ་བའི་བོད་ཡིག་འཕྲིན་སྟེགས།

    རིག་ནུས་ལག་ཁྱེར་ཁ་པར་གསར་དུ་དར་བའི་སྐབས་སུ་ཁ་པར་གྱི་གློག་གསོག་ཁུང་བུ་དེ་ཁ་པར་གྱི་ཀླད་དང་གཞོགས་སུ་ཡོད་པ་རེད། ཡིན་ནའང་། ད་ལྟར་ཕལ་ཆེར་འོག་ཏུ་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། 

   ཁ་འོག་ཏུ་འཁོར་ན་ཐལ་རྡུལ་འགོག་ནུས།  

   ཁ་པར་བེད་སྤྱད་ནས་དུས་མཚམས་ཤིག་འགོར་རྗེས། གློག་གསོག་སར་ཐལ་རྡུལ་ཆགས་སྲིད། གལ་ཏེ་དེ་ཀླད་དུ་ཡོད་ན་ཡུན་རིང་པོར་ཁ་ཡར་འཁོར་བས། ཐལ་རྡུལ་དེ་བས་མང་བ་དང་གློག་གསོག་སའི་ཁུང་བུར་ཤུགས་རྐྱེན་ཐེབས་ངེས། 

   གློག་གསོག་དུས་ཁ་པར་ལེན་པར་སྟབས་བདེ་བ། 

   གལ་ཏེ་ཁ་པར་གྱི་ཀླད་དང་གཞོགས་ལ་སྒྲིག་འགོད་བྱས་ན། ཁ་པར་ལེན་དུས་གློག་སྐུད་སྐོར་དགོས་པས་འོག་ཏུ་ཡོད་ན་སྟབས་བདེ་པོ་ཡིན། 

   གློག་སྐུད་དེ་བས་སྲུང་སྐྱོང་ལེགས་པོ་བྱེད་ཐུབ། 

   གལ་ཏེ་གློག་གསོག་སའི་ཁ་དེ་ཀླད་ལ་ཡོད་ན། གློག་གསོག་སྐུད་པ་མར་འཐེན་ནས་སྐུད་པ་ཆད་སླ་པོ་ཡིན་པས། གློག་གསོག་སྐུད་པ་ལ་སྐྱོན་བཟོ་ཉེན་ཆེ། 

   གློག་ལམ་ཇུས་འགོད་ལུགས་མཐུན་ཡིན་པ།  

   ཁ་པར་གྱི་རྒྱུན་ལྡན་ཇུས་འགོད་ནི། སྟེང་ལ་བརྙན་ཤེལ་དང་ཉིང་ལྷེབ་སོགས་ལྷུ་ལག་གཙོ་བོ་ཡོད་པ་དང་། འོག་ཏུ་གློག་སྨན་ཡོད། འདི་ལྟར་བྱས་ན་བར་སྟོང་གྲོན་ཆུང་བྱེད་ཐུབ་པ་མ་ཟད། ད་དུང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་ཐུབ།