ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་རྒྱལ་ཁའི་ངང་མཇུག་གྲིལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

ཟླ་9པའི་ཚེས་26ཉིན་གྱི་སྔ་དྲོར།    ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་པར་གྲུབ་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྒྱལ་ཁའི་ངང་གྲོལ་བ་རེད།

ཝང་དབྱི་ཀྲི་ཡིས་མཇུག་བསྡུ་བའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།


    ཞིང་ཨུས་བདེ་ཆེན་ཁུལ་གྱི་སྐབས་བརྗེའི་འདེམས་བསྐོའི་མཛུབ་ཁྲིད་ཚོ་ཆུང་ཚོགས་འདུར་མཛུབ་ཁྲིད་བྱེད་པར་མངགས་ཡོད།

     མཇུག་བསྡུའི་ཚོགས་ཆེན་ལ་ཐོན་འོས་པའི་འཐུས་མི་337ཡོད་དགོས་པ་དང་། དངོས་སུ་འཐུས་མི་326ཕེབས་ཡོད་པས་གཏན་འབེབས་དང་མཐུན་པ་རེད།

 ཚོགས་ཆེན་ཐོག་ལག་པ་བཀྱགས་ནས་བརྡས་ཐག་གཅོད་པའི་བྱ་ཐབས་ལ་བརྟེན་ནས།《ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བརྒྱད་པའི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད》དང་།《ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ་རེད།

    ཝང་དབྱི་ཀྲི་ཡིས་བསྟན་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས།   ཞིང་ཨུའི་ལས་ཀའི་བླང་བྱ་དང་ཁུལ་ཨུའི་བཀོད་སྒྲིག་ལྟར་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་།དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་མཐུན་སྒྲིལ་འབྱོར་ཕྱུག་དང་།  ཤེས་དཔལ་ཞི་མཐུན། མཛེས་སྡུག་དུས་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་སྐྲུན་ཆེད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་འཛུགས་ཆེད་འབད་འཐབ་བྱེད་དགོས།

ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་དབྱངས》ཁྲོད་གྲོལ་བ་རེད།