ཅི་ཞིང་ཅང་ཀྲུང་གུང་བདེ་ཆེན་ཁུལ་སྒྲིག་ཨུའི་ཧྲུའུ་ཅིར་བདམས་ཐོན་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་9ཚེས་26ཉིན་གྱི་ཕྱི་དྲོ་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བདམས་ཐོན་བྱུང་བའི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད།   

ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྱི་ཁུལ་སྒྲིག་ཨུའི་ཨུ་ཡོན་29ཡོད་པ་དང་།  དངོས་སུ་མི་གྲངས་29ཐོན་ཡོད་པས།  གཏན་འབེབས་དང་མཐུན་པ་རེད། 

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཀྲུའུ་ཞི་ཚོགས་པའི་མངགས་བཅོལ་ལྟར་བློ་མཐུན་ཅི་ཞིང་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།   

བློ་མཐུན་ལི་ཅ་ཁུན་གྱིས་ཁུལ་སྒྲིག་ཨུའི་སྐབས་བརྗེའི་མི་དོན་བཀོད་སྒྲིག་སྐོར་གྱི་གསལ་བཤད་གནང་བ་དང་ཞིང་ཨུའི《བདེ་ཆེན་ཁུལ་ཨུ་དང་ཁུལ་སྒྲིག་ཨུའི་སྐབས་བརྗེའི་འོས་མིའི་གྲ་སྒྲིག་འོས་མིའི་སྐོར་གྱི་མཆན་བཀོད་བཀའ་ལན》སྒྲོག་འདོན་གནང་བ་རེད། 

ཚོགས་འདུའི་ཐོག་ཁུལ་སྒྲིག་ཨུའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་བྱ་ཐབས་དང་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།   ཞིང་ཨུས་བདེ་ཆེན་ཁུལ་གྱི་སྐབས་བརྗེའི་འདེམས་བསྐོའི་མཛུབ་ཁྲིད་ཚོ་ཆུང་ཚོགས་འདུར་མཛུབ་ཁྲིད་བྱེད་པར་མངགས་ཡོད།   

ཚང་འཛོམས་གྲོས་ཚོགས་ཐོག་ཅི་ཞིན་ཅང་དང་།  ཀྲང་ལི་ཅུན།  ཧོ་ཅིན་ཧྭ།  ལི་ཡུན་ཁའེ།  ལི་ཆི་ལེའང་།  ཁྲེན་ཅུན་ཝེ།  མོ་ཧྲུན་ཚའེ།  ཝང་ཞུས་ལེན།  དབྱང་ཅེ་བཅས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་པ་དང་།   ཅི་ཞིན་ཅང་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་ཁུལ་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བདམས་ཐོན་བྱུང་།    ཀྲང་ལི་ཅུན་དང་།  ཧོ་ཅིན་ཧྭ།  ལི་ཡུན་ཁའེ་བཅས་ཧྲུའུ་ཅི་གཞོན་པར་བདམས་པ་རེད།    

ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས》ལ་གྲོས་འཆམ་བྱུང་བ་རེད།