ཝང་དབྱི་ཀྲི་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིར་བདམས་ཐོན་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཟླ་9ཚེས་26ཉིན་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་།  ཚོགས་འདུའི་ཐོག་སྐབས་གསར་པའི་ཁུལ་ཨུའི་རྒྱུན་ཨུ་དང་།ཧྲུའུ་ཅི།  ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་བ་རེད།

    སྐབས་དགུ་པའི་ཁུལ་ཨུར་ཨུ་ཡོན་ཁྱོན་41ཡོད་པ་དང་དངོས་སུ་ཚོགས་འདུར་ཕེབས་པའི་ཨུ་ཡོན་40ཡོད་པ་དེ་གཏན་འབེབས་དང་མཐུན་པ་རེད།

    ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་བྱ་ཐབས》ལ་གྲོས་འཆམ་བྱུང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་།  ཧྲུའུ་ཅི།  ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་།   ཝང་དབྱི་ཀྲི་དང་།  ཆི་ཅན་ཞིན། ཀྲང་ཝེ་ཏུང་།  ཕེང་ཧྲན།  ལི་ཡན་ལན། དབྱང་ཙི་ཅང་།  ལི་ཅ་ཁུན།  ཞུས་ཕེང་ཧྲེང་།   ཝང་ཝུན་ཅ། ཁུང་ཝེ་ཧྭ།    ཅི་ཞིང་ཅང་།  ཁྲེན་ཆུན།  སྐལ་བཟང་རྣམ་རྒྱལ་བཅས་ཁུལ་ཨུའི་རྒྱུན་ཨུར་བདམས་པ་དང་།   ཝང་དབྱི་ཀྲི་ཁུལ་ཨུའི་ཧྲུའུ་ཅིར་བདམས་ཐོན་བྱུང་།   ཆི་ཅན་ཞིན་དང་།  ཀྲང་ཝེ་ཏུང་།  ཕེང་ཧྲན་བཅས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པར་བདམས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གི་འདེམས་བསྐོ་བྱས་འབྲས་ལ་གྲོས་འཆམ་བྱུང་བ་དང《ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས》ལ་གྲོས་འཆམ་བྱུང་བ་རེད།