“བར་སྣང་གི་གད་སྙིགས”ཕྱིར་བསྡུ་བྱེད་དགོས་པའི་རྒྱུ་མཚན་ཅི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-12   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།

     མཁའ་དབྱིངས་སུ་བེད་མེད་དུ་བསྐྱུར་པའི་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་དང་དེའི་ལྷུ་ལག་མང་པོ་གཡེང་བཞིན་ཡོད་པས།ང་ཚོས་དེ་ལ་བར་སྣང་གི་གད་སྙིགས་སུ་འབོད།བར་སྣང་གི་གད་སྙིགས་ཁྲོད་མང་ཆེ་བ་ནི་ལྕགས་རིགས་དངོས་རྫས་ཡིན་ལ། དེ་དག་ནི་སྤྱིར་བཏང་གི“ཟངས་རུལ་ལྕགས་རུལ”མ་ཡིན་པར་རིན་ཐང་བྲལ་བའི་གསེར་དང་ལྕགས་སོགས་ཡིན་པས་ཕྱིར་བསྡུ་བྱེད་པའི་རིན་ཐང་ཆེན་པོ་ལྡན་པ་རེད།དེ་ལས་གཞན“གད་སྙིགས”ཁ་ཤས་ནི་ཤིན་ཏུ་རྩ་ཆེ་བ་ཞིག་རེད། དེ་དག་ནི་ནུས་པ་ཤོར་བའམ་ཡང་ན་ཚོད་འཛིན་མ་ཐུབ་པར་སྔོན་གྱི་བཀོད་སྒྲིག་ལྟར་འཁོར་ལམ་དུ་ཞུགས་མ་ཐུབ་པའི་འཁོར་སྐར་རེད།དཔེར་ན། 1980ལོར་འཕེན་གཏོང་བྱས་པའི“ཉི་རྩེར་ལོ་རེར་ལྟ་ཞིབ་ཚད་ལེན་བྱེད་པའི་འཁོར་སྐར”འཁོར་སྐྱོད་བྱས་ཏེ་ལོ་གཅིག་ཀྱང་མ་འགོར་བར་ཉི་མས་ཁ་ཕྱོགས་གཏན་འཁེལ་བྱེད་མ་ཐུབ་པར་བེད་མེད་དངོས་རྫས་སུ་གྱུར། 


       1984ལོའི་ཟླ4པའི་ཚེས10ཉིན།“འགྲན་སློང་མི་སྣ”རྟགས་ཅན་གྱི་མཁའ་སྐྱོད་གནམ་གྲུ་དངོས་མཛོད་ཁང་དུ་ཁྱེར་ནས་ཉི་མའི་ཁ་ཕྱོགས་ཀྱི་མ་ལག་ཞིག་གསོ་བྱས་ཏེ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་ན། ལྗིད་ཚད་ལ་ཏུན2དང་རིན་གོང་ལ་མེ་སྒོར་དུང་ཕྱུར2.4ཡིན་པའི་ཚན་རིག་འཁོར་སྐར་སླར་གསོ་བྱུང་བ་རེད།བྱ་བ་ལས་པའི་དུས་ཡུན་ལོ8ནས་ལོ10ཅན་གྱི་འཁོར་སྐར་ཞིག་ལ་མཚོན་ནས་བཤད་ན། ཞིག་གསོ་བྱས་རྗེས་ཀྱི་འཁོར་སྐར་དེས་བཏོན་པའི་ནུས་པ་ནི་ཞིག་གསོ་འགྲོ་སྒོ་ལས་ཆེས་ཆེར་བརྒལ་བས།ང་ཚོས“བར་སྣང་གི་གད་སྙིགས”ཕྱིར་བསྡུ་བྱས་ཏེ་བདེ་སྤྱོད་བྱེད་ཀྱིན་ཡོད། །