བདེ་ཆེན་གྱི་ལྕགས་མོ་གླང་ལོའི་ལོ་གསར་གྱི་རིག་རྩལ་མཚན་ཚོགས་ཕབ་ཚར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་2པའི་ཚེས་6ཉིན་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ་མོས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་2021ལོའི་བོད་ཀྱི་ལོ་གསར་གྱི་རིག་རྩལ་དགོང་ཚོགས་དེ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེར་ཕབ་ཟིན་པ།

    རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས་མི་སྣ་གཅིག་སྡུད་མི་ཡོང་བའི་ཆེད་ལེ་ཚན་དེའི་མཚན་ཚོགས་ཕབ་གཏོང་གི་དུས་མཇུག་ཏུ་བཟོས་པའི་རྣམ་པའི་ཐོག་ནས་བདེ་ཆེན་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་བསྟན་རྒྱུ་ཡིན་པ་དང་། སྲོལ་རྒྱུན་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་རྒན་གཞོན་ཚང་མས་འཚམ་པའི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤིག་སྟོན་རྒྱུ་ཡིན་པ་རེད། སྲོལ་རྒྱུན་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ངོ་འཕྲད་བྱས་རྒྱུ་ཡིན་པ་རེད།

    ད་ཐེངས་ཀྱི་བོད་ཀྱི་ལོ་གསར་གྱི་རིག་རྩལ་མཚན་ཚོགས་ཐོག་ཏང་དབུ་བརྙེས་ནས་ལོ་100འཁོར་བར་བསུ་བ་ཞུ་བའི་ལྕགས་མོ་གླང་ལོ་ཡིས་བདེ་ཆེན་གསར་བ་ལ་འབད་པ་བྱས་ཞེས་པ་བརྗོད་དོན་གཙོ་བོར་བཟུང་པ་དང《ཏང་གི་བཀའ་དྲིན་ལ་བསྟོད་བསྔགས་》དང་།《བདེ་སྐྱིད་ཞབས་བྲོ》《མཐུན་སྒྲིལ་བཟོ་སྐྲུན》བཅས་ལེ་ཚན་གསུམ་ལ་དབྱེ་ཡོད་པ་དང་དེའི་ནང་གླུ་གར་དང་། རྣམ་པ་འཁྲབ་སྟོན། Rapགཞས་མ་གཏམ་སོགས་རྣམ་པ་མང་པོ་ཚུད་ཡོད་པ་རེད། སེམས་ཀྱི་ཉི་ཟླ་ཚན་སྡེབ་དང་། གངས་ཕྲུག་ཚན་སྡེབ། ནས་ཀྱི་མེ་ཏོག་ཚན་སྡེབ། སྒྲོལ་མ་ལགས་ཚན་སྡེབ། བློ་བཟང་ཤེས་རབ། བློ་བཟང་དཔལ་ལྡན། སྐལ་བཟང་ལྷ་མཚོ་དང་རང་ཁུལ་གྱི་རྣ་བར་འཇགས་པའི་ཞིབ་ཅིང་ཕྲ་བ་གཞས་པ་འཁྲབ་སྟོན། ངོ་མཚར་ཆེ་བའི་གླུ་དབྱངས་འབུལ་བ། ལེ་ཚན་དེ་ལྟད་མོ་ཧ་ཅང་ཆེན་པོ་ཡོད་ཅིང་། མི་རིགས་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་མཉམ་འདྲེས་དང་གསར་གཏོད་བྱས་པ་བརྒྱུད་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་དར་རྒྱས་རྣམ་པ་གང་ལེགས་མངོན་པ་བྱས་ཏེ་བདེ་ཆེན་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་བསམ་པའི་ཉམས་འགྱུར་གསར་རྐྱང་གི་ཐོག་ནས་སྲོལ་རྒྱུན་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་མཉམ་དུ་བསུ་བ་ཞུ་བའི་སྤྲོ་སྣང་མཚོན་པར་བྱས་པ་རེད།