ཆེས་རན་པའི་འཐུང་ཇའི་དྲོད་ཚད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-27   རྩོམ་ཁུངས།   

   

     ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། དུས་ཡུན་རིང་བོར་དྲོད་ཚད་ཏུའུ68.8ལས་བརྒལ་བའི་ཇ་ཚ་མོ་འཐུང་ན།   མིད་པའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ལྡབ་བརྒྱད་ཀྱིས་མཐོ།   རྒྱུན་པར་ཇ་ཚ་མོ་དང་ཁུ་བ་ཚ་མོ་འཐུང་ན་ཁའི་ནང་གི་འབྱར་སྐྱི་དང་སོ་ཐོག་གི་རྩི་ལ་གནོད་པ་བསྐྱལ་ངེས་རེད།  འཐུང་ཇའི་སྐོར་གྱི་ཆེས་རན་པའི་དྲོད་ཚད་ནི་ཏུའུ35ནས་ཏུའུ38བར་ཡིན།    ཆེས་ལེགས་པའི་འཐུང་ཇའི་དྲོད་ཚད་ནི་མིའི་ལུས་ཀྱི་དྲོད་ཚད་དང་ཐག་ཉེ་བ་སྟེ།   རབ་ཡིན་ན་ཏུའུ60ལས་བརྒལ་བའི་ཇའམ་ཁུ་བ་སོགས་མ་འཐུང་ན་བཟང་།  གཞན་ཡང་ཆུའི་ནང་ལ་སྦྲང་རྩི་སྦང་ནས་འཐུང་ན་ཏུའུ50ནི་ཚད་མཐུན་ཡིན།  འོ་མ་དང་ཁུ་བ་ཚ་མོའི་རིགས་ནི་ཏུའུ60ཡིན་ན་བྲོ་བ་ལྷག་པར་ཞིམ། རྒུན་ཆང་དམར་བོའི་དྲོད་ཚད་ནི་ཏུའུ18ཡིན་ན་ཁ་ལ་ཆེས་ཞིམ་པ་ཡིན་ཞེས་བསྟན་ཡོད་པས།   བདེ་ཐང་གི་ཕྱོགས་ལ་སྤྲོ་བ་ཡོད་མཁན་ཚོས་མཉམ་འཇོག་གནང་རོགས་ཞུ།