བོད་སྐད་ནང་འཇུག་དང་ལོ་ཙཱ་བྱེད་ཐུབ་པའི་བྱ་རིམ་ཞིག་ཐོན་འདུག

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2019-05-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


    ཉེ་ཆར།   བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་ལག་རྩལ་བ་གླིང་སྨྱོན་ལགས་ཀྱིས་ཐུན་ཞོན་ལས་ཁུངས་ཀྱིས་བཟོས་པའི་བོད་སྐད་ནང་འཇུག་དང་ལོ་ཙཱ་བྱེད་ཐུབ་པའི་བྱ་རིམ་ཞིག་ངོ་སྤྲོད་བྱས་བྱུང་བ་ལ།  འདི་གའི་རྩོམ་སྒྲིག་པས་བཤེར་རྟགས་བརྒྱུད་དེ་སྐད་འཕྲིན་གྱི་སྒང་ནས་ཚོད་བལྟ་བྱས་པ་ན།   བོད་སྐད་ནང་འཇུག་དང་རྒྱ་བོད་ལོ་ཙཱའི་ཕྱོགས་ལ་སྟབས་བདེ་མི་ཉུང་བ་ཞིག་བཟོས་ཡོད་པ་ཤེས།   བྱ་རིམ་ཆུང་བ་འདིའི་ནང་དུ་མདོ་དབུས་ཁམས་གསུམ་གྱི་སྐད་ཆ་བཤད་ནས་ཡི་གེར་ཕབ་ཆོག་ཅིང་།   ལོ་ཙཱ་བྱས་པ་ཡང་ཚད་ལྡན་དུ་ཐོན་ཡོད་པས་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱིས་བེད་སྤྱོད་བྱེད་པར་འཚལ།