མཚོ་སྔོན་བརྒལ་ནས་འཛམ་གླིང་དུ་བསྐྱོད་པའི་ཡོངས་འཛིན་འཚོལ་བཤེར།

རྩོམ་པ་པོ།   དུས་ཚོད།   2019-01-22   རྩོམ་ཁུངས།    མཚོ་སྔོན་པོ།

    “ད་ལྟའི་བར་དུ། བོད་པ་ཚོས་དྲ་ཐོག་ནས་རྒྱུ་ཆ་འཚོལ་ན་ཕྱི་རྒྱལ་གྱི་མ་ལག་སྤྱོད་པ་མ་གཏོགས་འཚོལ་ལམ་མེད། འོན་ཀྱང་དེའི་ནང་གི་ཆ་འཕྲིན་ཤིན་ཏུ་ཉུང་བར་མ་ཟད་ཉིང་བཅུད་ལེན་རྒྱུ་མེད་ལ། དེ་ལས་ཀྱང་རྒྱལ་ནང་གི་མ་ལག་དག་གིས་བོད་ཡིག་གི་འཚོལ་དཔྱོད་ལ་རྒྱབ་སྐྱོར་མི་བྱེད་པས་ཤིན་ཏུ་ཕངས། ཡོངས་འཛིནལེགས་འགྲུབ་བྱུང་བ་དེས་ཡོད་ཚད་ལ་འགྱུར་ལྡོག་ཐེབས་པ་རེད ཅེས་ཚེ་དབང་རྡོ་རྗེས་དེ་ལྟར་བཤད།

    ཚེ་དབང་རྡོ་རྗེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ཡིན་ལ། 2014ལོར། ཁོས་སྟེས་དབང་གིས་མཚོ་ལྷོ་ཁུལ་གྱིས་པེ་ཏུའུ་དང་འདྲ་བའི་བོད་ཡིག་གི་འཚོལ་དཔྱོད་མ་ལག་ཅིག་ལས་བཞིན་ཡོད་པ་ཐོས་བས། གནས་ཚུལ་དེ་ལ་རེ་ལྟོས་དང་དོ་སྣང་བྱས། ཁོའི་སློབ་ཆེན་གྱི་ཆེད་ལས་ནི་བོད་ཀྱི་སྐད་བརྡ་དང་རྩོམ་རིག་ཡིན་པས། བོད་ཡིག་གི་གནའ་དཔེ་དང་ལོ་རྒྱུས། བོད་ཀྱི་རིག་གནས་འཕེལ་འགྱུར་གྱི་ལོ་རྒྱུས། ས་ཁམས་དང་རྩོམ་རིག སྐར་རྩིས་སོགས་ཀྱི་ནང་དོན་འཚོལ་བའི་ཆེད་དུ་ཚེ་དབང་རྡོ་རྗེས་དཀའ་ཁག་མང་པོ་མྱངས། འཛམ་གླིང་ཡོངས་སུ་དྲ་ཚིགས་ཤིན་ཏུ་མང་ཡང་། ནང་དོན་གང་ཞིག་འཚོལ་བར་ངེས་པར་ཡི་གེ་གཅིག་རེ་གཅིག་རེ་གཏགས་ནས་འཚོལ་དགོས། བཙལ་བའི་མཇུག་འབྲས་ཀྱང་ཕབ་ལེན་བྱེད་མི་ཐུབ་པར་མ་ཟད། ནང་དོན་ཤིན་ཏུ་ཉུང་ཁར་སྤུས་དག་ཅིག་མཐོང་དཀའ།2016ལོའི་ཟླ8པའི་ཚེས22ཉིན་ཡོངས་འཛིན་འཚོལ་དཔྱོད་མ་ལག་ཚོད་ལྟའི་ཚུལ་དུ་སྤྱོད་མགོ་ཚུགས་པར། ཁོས་མྱུར་དུ་འཚོལ་དཔྱོད་བྱས་ཤིང་། རིག་མཛོད་དངPPT རོལ་དབྱངས། བརྙན་རིས་སོགས་ཅི་དགོས་ན་དེ་ཡོད་པར་མ་ཟད།འཚོལ་མྱུར་ལ་ནང་དོན་དག་པ། སྟབས་བདེ་ལ་བློ་ཉེ་བ་ཞིག་རེད་ཅེས་ཚེ་དབང་རྡོ་རྗེ་ལ་སྤྲོ་བ་ཆེན་པོ་རྒྱས་འདུག

 

    ཡོངས་འཛིན་མ་ལག་ལ་དྲ་གནས་འཚོལ་བ་དང་གསར་འགྱུར་འཚོལ་བ། པར་རིས་འཚོལ་བ། བརྙན་རིས་འཚོལ་བ། རོལ་དབྱངས་འཚོལ་བ། ཤེས་བྱ་འཚོལ་བ་སོགས་ཀྱི་འཚོལ་ལམ་དུ་མ་མཆིས། མིག་སྔའི་བར་དུ་འདྲི་རྟོག་བྱེད་མཁན་རྒྱལ་ནང་གི་བོད་ཡིག་དྲ་བ་ཀུན་ལས་ཆེས་མང་པོར་གྱུར་ཡོད་ལ། ཉིན་རེར་འདྲི་རྟོག་བྱེད་མཁན་ཐེངས་ཁྲི1000ལས་བརྒལ་ཡོད། འདྲི་མཁན་གྱི་ཡུལ་ཁོངས་ནི་རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར31ལ་ཁྱབ་ཡོད་ལ། དེ་མིན་ཨ་རི་དང་ཧྥ་རན་སི།འཇར་མན། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། ཧིན་རྡུ་སོགས་རྒྱལ་ཁབ་དང་ས་ཁུལ70ལ་ཁྱབ་ཡོད།

    ཡོངས་འཛིན་མ་ལག་ཤར་གཏོང་བྱས་རྗེས་རང་རྒྱལ་གྱི་བོད་ཡིག་དྲ་ཚིགས་རྣམས་ཀྱི་གཅིག་གྱུར་གྱི་འཛུལ་སྒོར་གྱུར་ཅིང་། འབྲེལ་དྲའི་ནང་གི་བོད་ཡིག་ཆ་འཕྲིན་གྱི་འབྱུང་ཁུངས་གཙོ་བོ་དང་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་སུ་གྱུར། ཆེད་མཁས་པས་ཡོངས་འཛིན་མ་ལག་གི་ཞིབ་འཇུག་གསར་སྤེལ་ལེགས་འགྲུབ་བྱུང་བ་དེས་བོད་ཡིག་ཆ་འཕྲིན་ཅན་དང་རྒྱལ་ཁབ་ཕྱི་ནང་གི་ཆ་འཕྲིན་ཅན་གྱི་བར་ཐག་ལོ20ཡིས་ཇེ་ཐུང་དུ་བཏང་།

    རྒྱུས་ལོན་བྱས་པ་ལྟར་ན། ཡོངས་འཛིན་མ་ལག་འཛུགས་པའི་གོ་རིམ་གྱི་ཁྲོད་དུ། བོད་ཡིག་གི་རང་འགུལ་མིང་ཚིག་གསལ་དབྱེ་དང་སྐད་བརྡའི་རིག་ནུས་ཐག་གཅོད་མ་ལག་ཞིབ་འཇུག་གསར་སྤེལ་བྱེད་ཐུབ་པ་བྱུང་བས། བོད་ཡིག་གི་རིག་ནུས་ཆ་འཕྲིན་ཐག་གཅོད་པའི་ལག་རྩལ་གཙོ་བོའི་དཀའ་གནད་བསལ་བ་དང་། དེ་ལས་བོད་ཡིག་དངོས་སུ་འཚོལ་དཔྱོད་ཀྱི་དུས་རབས་སུ་བསྐྱོད་ཐུབ་པ་བྱུང་ཞིང་། བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས། བོད་ཡིག་གི་ནོར་འཁྲུལ་རང་བཅོས་དང་མཐུན་ཚིག་འཚོལ་བ། ཚིག་དོན་འཚོལ་བ། བོད་ཡིག་གི་ལ་ཏིང་གདངས་ཡིག་འཚོལ་བ། ཨང་རྟགས་མི་འདྲ་བའི་ཡིག་གཟུགས་བར་གྱི་བརྗེ་བསྒྱུར་སོགས་ཀྱི་བྱེད་ནུས་མངོན་འགྱུར་བྱུང་། དུས་མཚུངས་སུ་ཡོངས་འཛིན་མ་ལག་གིས་ད་དུང་བོད་ཡིག་ཆ་འཕྲིན་ཐག་གཅོད་བེད་སྤྱོད་ཁྱབ་ཁོངས་ཀྱི་ལག་རྩལ་མང་པོ་གསར་དུ་བཏོད་ཅིང་། དྲ་རྒྱའི་རིག་གནས་བདག་གཉེར་དཔང་ཡིག་ལོན་པ་དང་། རྩིས་འཁོར་གྱི་མཉེན་ཆས་དྲུག་གི་བདག་དབང་ཐོ་ཡིག་ཀྱང་བླངས། དེར་མ་ཟད་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ལ་ཡར་ཞུ་བྱས་པའི་ཡོངས་འཛིན་མ་ལག་དང་བོད་ཡིག་གི་ཚིག་ངོས་འཛིན་པའི་རྟགས་འགོད་མ་ལག བོད་ཡིག་གི་མིང་ཚིག་གསལ་དབྱེ་མ་ལག་བཅས་ཀྱི་གསར་གཏོད་བདག་དབང་ལ་ཐོག་མའི་ཞིབ་བཤེར་ཐོབ་ཅིང་། མིག་སྔར་མཐའ་མཇུག་གི་ཞིབ་བཤེར་གཏོང་བཞིན་པའི་དུས་སུ་གནས།

   མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལྷ་སྐྱིད་སྒྲོལ་མས་ངོ་སྤྲོད་བྱས་པ་ལྟར་ན།ཡོངས་འཛིན་མ་ལག་ཤར་གཏོང་བྱས་རྗེས་བརྟན་འཇགས་སུ་གནས་ལ། འདྲི་རྟོག་ཚད་དང་གཞི་གྲངས་ཀྱི་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་མཆིས། ལས་རིགས་འདིའི་ཁྲོད་དུ་དོ་སྣང་དང་ཁས་ལེན་ཡང་རྒྱ་ཁྱབ་ཏུ་ཐོབ་ཅིང་། སྙན་གྲགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་མཆིས། 2018ལོའི་ཟླ3པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིསམཚོ་སྔོན་ཞིང་ཆེན་ཚན་རྩལ་གྲུབ་འབྲས་ཀྱི་དཔང་ཡིགཅེས་པའང་གནང་། ཆེད་མཁས་པ་རྣམས་ཀྱིས་གྲུབ་འབྲས་འདི་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པར་འདོདཟེར།

   2018ལོའི་ཟླ4པའི་ཟླ་མཇུག་ཏུ། ཡོངས་འཛིན་མ་ལག་རྒྱལ་ཡོངས་ཀྱི་སྐབས་དང་པོའི་ཨང་ཀིའི་ཀྲུང་གོ་འཛུགས་སྐྲུན་གྱི་རྩེ་གྲས་ཚོགས་འདུར་ཞུགས་ཤིང་།ཚོགས་འདུ་དེར་ཞུགས་པའི་གྲངས་ཉུང་མི་རིགས་ཀྱི་ཆ་འཕྲིན་ཅན་གྱི་ཚན་རྩལ་གྲུབ་འབྲས་དང་པོ་ཡིན། དེར་མ་ཟད་གྲུབ་འབྲས་འགྲེམ་སྟོན་གྱི་ཡུལ་དངོས་ནས་ཡོངས་འཛིན་ཚན་རྩལ་གྲུབ་འབྲས་ཀྱི་ཁྱབ་བསྒྲགས་ཚོགས་འདུའང་སྤེལ། དེ་ལས་ཡོངས་འཛིན་མཚོ་སྔོན་ལས་བརྒལ་ཏེ་འཛམ་གླིང་ལ་བསྐྱོད་པ་མཚོན། །