ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ལོ་རྒྱུས། ༼༡༽

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-09-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        བོད་ལྗོངས་ཆབ་མདོ་ས་ཆ་དང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ།  སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ།  ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་བཅས་ས་ཆ་བཞི་ནི་ཁམས་པའི་ས་ཆ་ཟེར་བ་དང་།  ས་ཆ་དེ་ཚོ་ལ་ཐུན་མོང་གི་རིག་གནས་ཀྱི་ནང་དོན་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་རེད།  ས་ཁུལ་བཞིའི་རིག་གནས་བརྗེ་རེས་དང་དཔལ་འབྱོར་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རིག་གནས་ཐོན་ཁུངས་སྡེབ་སྒྲིག་བྱེད་པ།   ཁམས་པའི་རིག་གནས་སྤུས་རྟགས་དེ་རྒྱལ་སྤྱི་རང་བཞིན་གྱི་སྤུས་རྟགས་སུ་གྱུར་དུ་བཅུག་པ་དང་།  སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་མཐུད་པ།  ཐུན་མོང་དར་འཕེལ་གཏོང་བ་སོགས་ཀྱི་ཆེད་དུ།  ས་ཁུལ་བཞིས་གྲོས་མོལ་བྱས་ནས་ཁམས་པའི་སྒྱུ་རྩལ་དུས་ཆེན་སྤེལ་བའི་གཅིག་གྱུར་ཡོང་བ་དང་།   ཐོག་མར་ལོ་བཞི་རེར་སྐབས་རེ་ཚོགས་ལ་སྐབས་བཞི་པའི་སྒྲིག་ཨུ་ཡིས་གཏན་འབེབས་བརྒྱུད་དེ་སྐབས་ལྔ་པ་ནས་འགོ་བཙུགས་ཏེ་ལོ་གཉིས་རེ་ལ་སྐབས་རེ་འཚོགས་པ་རེད། ཁུལ་དང་གྲོང་ཁྱེར་བཞི་པོའི་ཐུན་མོང་འབད་བརྩོན་ལ་བརྟེན་ནས།  རིམ་གྱིས་མི་རིགས་མཐུན་སྒྲིལ་སྐུལ་སྤེལ་དང་མི་རིགས་སྙིང་སྟོབས་ཆེར་སྐྱེད།  མེས་རྒྱལ་ཅིག་གྱུར་སྲུང་སྐྱོང་བྱས་ཤིང་། ཁམས་ཁུལ་གྱི་དཔལ་འབྱོར་དར་འཕེལ་དང་སྤྱི་ཚོགས་འཆམ་མཐུན།  རིག་གནས་གོང་འཕེལ་སྐུལ་སྤེལ་བྱེད་པའི་འདུ་ཚོག་ས་ཟབ་རྒྱས་སུ་ཆགས།





        ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་ནི་1994ལོར་ཟླ8པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་བསྡུས་པ་དང་།  རང་ཁུལ་གྱི་རིག་རྩལ་དཔལ་འབྱོར་ཚོང་ལས་ཚོགས་པས་1994ལོའི་ཟླ7པའི་ཚེས་19ཉིན་དུ་མཚོ་སྔོན་དུ་སོང་བ་དང་།   མི་རིགས་གླུ་གར་ཚོགས་པས་ལོ་རྗེས་མར་སླར་ཡང་འཛོམས་ཡོང་ཞེས་པ་སོགས་ཀྱི་ཞབས་བྲོ་ཆེ་གྲས་གསུམ་དང་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་ནས་བརྡུང་ཞེས་པ་སོགས་ཀྱི་མི་རིགས་གླུ་གར་མང་པོ་གྲ་སྒྲིག་བྱས་པ་རེད། 





        1997ལོའི་ཟླ་9པར།  ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་བདེ་ཆེན་དུ་བསྡུས་པ་དང་།  བདེ་ཆེན་ཁུལ་དབུ་བརྙེས་ནས་ལོ་ངོ་40འཁོར་བའི་དགའ་སྟོན་རྟེན་འབྲེལ་བྱེད་སྒོ་དེ་དང་མཉམ་དུ་བསྡུས་པ་རེད། སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ་ཁམས་ཁུལ་ས་ཆ་བཞིའི་འཐུས་མི་རུ་ཁག་གིས་དཔལ་འབྱོར་གྲོས་མོལ་དང་དངོས་རྫས་བརྗེ་རེས།  རིག་རྩལ་འཁྲབ་སྟོན།  མི་རིགས་གོས་རྒྱན་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པར་ཞུགས་པ་རེད།