པའོ་ཏའོ་ནས་སེམས་ཀྱི་ཉི་ཟླ་དང་འཕྲད་པ་ཞེས་པའི་གླེང་སྟེགས་སེམས་ཀྱི་ཉི་ཟླ་ནས་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-26   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ1པོའི་ཚེས19ཉིན་གྱི་ཕྱི་དྲོར། བདེ་ཆེན་ཁུལ་སྤྱི་ཁྱབ་ཚོང་ཚོགས། རྡོ་མཁར་རྫོང་ཚོང་ཚོགས། ཐིང་དབྱིན་དམངས་གཉེར་མགྲོན་ཁང་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་དམངས་གཉེར་མགྲོན་ཁང་---པའོ་ཏའོ་ནས་སེམས་ཀྱི་ཉི་ཟླ་དང་འཕྲད་པ་ཞེས་པའི་གླེང་སྟེགས་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་བསྡུས་པ་རེད། བྱ་འགུལ་གྱི་ཡུལ་དངོས་སུ།ཐའེ་ཝན་ཞིང་ཆེན་གྱི་རྫོང་ཁག་བཞི་ཡི་དམངས་གཉེར་མགྲོན་ཁང་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོ་དང་། ཁུལ་སྤྱི་ཁྱབ་ཚོང་ཚོགས། རྡོ་མཁར་རྫོང་ཚོང་ཚོགས་ཀྱི་འབྲེལ་ཡོད་མི་སྣ་དང་མགྲོན་ཁང་ལས་གཉེར་མཁན་སོགས་དམངས་གཉེར་མགྲོན་ཁང་གི་འཕེལ་རྒྱས་གཞིར་བྱས་ནས་བརྗེ་རེས་བྱས་པ་རེད།
         དམངས་གཉེར་མགྲོན་ཁང་ལེགས་པོ་གཉེར་དགོས་ན། ལྷག་བསམ་ཟོལ་མེད་ཀྱིས་མགྲོན་པོ་རྣམས་དང་སྤེལ་རེས་བྱེད་དགོས་པ་དང་། དམངས་གཉེར་ལས་རིགས་ཀྱི་མི་རེ་རེས་སྐྱེ་ཁམས་དང་རིག་གནས་ལ་དོ་ཁུར་བྱེད་བཞིན་ཡོད་མོད། འོན་ཀྱང་ཆེས་གཙོ་བོ་ནི་ལག་བསྟར་བྱེད་རྒྱུ་རེད་ཅེས་ཐའེ་ཝན་དམངས་གཉེར་མགྲོན་ཁང་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཏུའུ་ཅི་ཝང་གིས་བཤད་བྱུང་།
         འདི་ནི་ང་རང་ཐེངས་གཉིས་པར་སེམས་ཀྱི་ཉི་ཟླར་སླེབས་པ་ཡིན།སེམས་ཀྱི་ཉི་ཟླའི་ཡུལ་ལྗོངས་མཛེས་ལ། མགྲོན་བསུ་ཧ་ཅང་ཆེ། དེར་བརྟེན་གནས་འདིར་དམངས་གཉེར་མགྲོན་ཁང་དང་ཡུལ་སྐོར་སྤྲོ་གསེང    ལས་བཟོ་དངོས་རྫས་སོགས་འཕེལ་རྒྱས་བཏང་བར་འཚམ་ཞེས་ཐའེ་ཏུང་དམངས་གཉེར་མགྲོན་ཁང་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཡུས་ཧོ་ཙུང་གིས་བཤད་བྱུང་།
         མགྲོན་ཁང་གཉེར་མཁན་ཞིག་ཡིན་ན། རང་ཉིད་ཀྱི་འཚོ་བའི་སྤུས་ཚད་ནི་ཆེས་གཙོ་བོ་ཡིན་པ་དང་།རང་ཉིད་ཀྱི་འཚོ་བའི་སྤུས་ཚད་མཐོ་ན་ད་གཟོད་དམངས་གཉེར་མགྲོན་ཁང་ལེགས་པོ་གཉེར་ཐུབ། ལས་བཟོ་བ་གསོ་སྦྱོང་བྱེད་པའི་སྐབས་སུ། ང་ཚོས་ཁོ་ཚོར་ནུས་རྩལ་ཐད་ཁྲིད་དགོས་པ་མ་ཟད། རང་ཉིད་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུའི་ཐད་དུའང་ཁྲིད་དགོས་ཞེས་སུམ་རྩེན་རིག་གནས་ཡུལ་སྐོར་ཚོགས་ཁང་གི་སྤྱི་གཉེར་བ་བཀྲ་ཤིས་ཚེ་རིང་གིས་བཤད།
         ཐའེ་ཝན་གྱི་དམངས་གཉེར་མགྲོན་ཁང་ནི་རྒྱལ་ནང་ལས་སྔ་བ་དང་། འདུ་ཤེས་དང་ལས་རིགས་ཀྱི་འཕེལ་རྒྱས་ཉིན་བཞིན་འཐུས་ཚང་དུ་འགྲོ་བས། གཏིང་ཟབ་པའི་དམངས་གཉེར་མགྲོན་ཁང་གི་ཉམས་མྱོང་དང་རིག་གནས་གྲུབ་ཡོད། ཁོང་ཚོས་དམངས་གཉེར་མགྲོན་ཁང་ནི་ཨེ་ཤེ་ཡ་གླིང་གི་ས་ཁུལ་དུ་ཆེས་ཁས་ལེན་པའི་མགྲོན་ཁང་བཟང་པོ་ཡིན། ཁོངས་ཡོངས་ཡུལ་སྐོར་གྱི་རྒྱབ་ལྗོངས་འོག སྟེགས་བུ་འདི་འདྲ་ཞིག་བཙུགས་ནས། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྗེ་རེས་དང་ཉམས་མྱོང་བཟང་པོ་དང་བྱ་ཐབས་སོགས་མཚམས་སྦྱོར་བྱས་ནས། མཉམ་དུ་དམངས་གཉེར་མགྲོན་ཁང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གླེང་མོལ་བྱས་ཏེ།སེམས་ཀྱི་ཉི་ཟླའི་དམངས་གཉེར་མགྲོན་ཁང་ཡུལ་སྐོར་བདེ་ཐང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱས་ནས།འགྲམ་གཉིས་ཀྱི་དམངས་གཉེར་མགྲོན་ཁང་འཕེལ་རྒྱས་ཀྱི་ཆུ་ཚད་གོང་མཐོར་གཏོང་དགོས་ཞེས་བདེ་ཆེན་ཁུལ་སྤྱི་ཁྱབ་ཚོང་ཚོགས་ཀྱི་འགན་ཁུར་བས་བཤད་བྱུང་།
         ཡུན་ནན་ནི་ཀྲུང་གོའི་དམངས་གཉེར་མགྲོན་ཁང་ཡོངས་ལས་ཆེས་མཐོ་ས་ཡིན་ལ། འབོར་གྲངས་མང་བ་དང་རྣམ་པ་སྣ་མང་ལྡན་པས་མིག་ལམ་དུ་མངོན་པའི་དམངས་གཉེར་མགྲོན་ཁང་ནི་སྣ་མང་གི་རང་བཞིན་ལྡན། པའོ་ཏའོ་ཐའེ་ཝན་གྱི་དམངས་གཉེར་མགྲོན་ཁང་གི་འཕེལ་རྒྱས་ནི་ཡུན་རིང་བ་དང་། གཞན་ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་ལ་བོད་ཁུལ་གྱི་ཆེས་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་མི་ཆོས་རིག་གནས་ལ་གཞི་བྱས་ནས།  ཁྱད་ལྡན་དམངས་གཉེར་མགྲོན་ཁང་འབོར་ཆེན་ཞིག་བྱུང་། དེར་བརྟེན་འདི་ལྟ་བུའི་བགྲོ་གླེང་ཚོགས་ནས་ཕན་ཚུན་བསམ་བློ་བརྗེ་རེས་དང་སློབ་སྦྱོང་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་བྱུང་དགོས་ཞེས་ཐིང་དབྱིན་དམངས་གཉེར་མགྲོན་ཁང་སློབ་གླིང་གི་ལག་བསྟར་འགོ་ཁྲིད་ལིའུ་ཧན་ཅེ་ཡིས་བཤད་བྱུང་།
 དེ་རིང་གི་བྱ་འགུལ་དུ་ཞུགས་པ་བརྒྱུད། ང་རང་གིས་སྔར་ལས་ལྷག་པའི་སྒོ་ནས་དམངས་གཉེར་མགྲོན་ཁང་ལས་རིགས་ལ་རྒྱུས་ལོན་བྱུང་བ་དང་། མ་འོངས་པའི་འཕེལ་རྒྱས་ལའང་རང་གི་ལྟ་ཚུལ་ཡོད་ལ། རང་ཉིད་ཀྱིས་སྔར་ལས་ལེགས་པོ་སྒྲུབ་རྒྱུ་ཡིན་ཞེས་རང་བརྟེན་གསར་གཏོད་བྱེད་བཞིན་པའི་ལོ་རབས་90པའི་དམངས་གཉེར་མགྲོན་ཁང་གི་མགྲོན་བདག་ཡེ་ཡུང་ཀྲེན་གྱིས་བཤད་བྱུང་།